ནི་ཁཱ་རཱ་ཀྭ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་སླར་གསོའི་མཛད་སྒོ་སྤེལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན། ནི་ཁཱ་རཱ་ཀྭ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་སླར་གསོའི་མཛད་སྒོ་རྒྱལ་ས་མཱ་ནཱ་ཀྭ་ནས་སྤེལ། ཀྲུང་གོའི་ཕྱོགས་ཀྱི་འཐུས་མིས་བསྟན་དོན། ཀྲུང་གོ་གཅིག་གི་རྩ་དོན་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཡོངས་ཁྱབ་ཀྱི་ཐུན་མོང་ལྟ་ཚུལ་དང་ཀུན་གྱིས་ཁས་ལེན་པའི་རྒྱལ་སྤྱིའི་འབྲེལ་བའི་རྩ་དོན་ཡིན། རྒྱལ་སྤྱིའི་དྲང་བདེན་དང་འཕེལ་ཕྱོགས་གཙོ་བོ། མི་སེམས་ཀྱིས་སྨོན་སའང་ཡིན་ཟེར། ནི་ཁཱ་རཱ་ཀྭའི་འཐུས་མིས་བསྟན་དོན། ནི་ཁཱ་རཱ་ཀྭ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སླར་གསོ་བྱེད་པར་རྒྱལ་ཁབ་གཉིས་ཀྱི་རྒྱ་ཆེའི་མི་དམངས་ཀྱི་རྒྱབ་སྐྱོར་ཐོབ་ཡོད། ནི་ཁཱ་རཱ་ཀྭ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱེད་པ་དང་། ཀྲུང་གོ་དང་མཉམ་དུ་ལག་རྡང་སྦྲེལ་ནས་སྣེ་མང་ཅན་དང་ཞི་བདེ། སྤྱི་ཚོགས་དྲང་བདེན་དང་འདྲ་མཉམ། མིའི་རིགས་ཀྱི་འཕེལ་རྒྱས་དང་གོང་འཕེལ་མངོན་འགྱུར་བྱེད་པའི་རྒྱལ་སྤྱིའི་སྒྲིག་ལམ་གསར་བར་གདོང་གཏོད་རྒྱུ་ཡིན་ཟེར། 

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།