ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་གར་གྱིས་ཚོད་འཛིན་བྱེད་པའི་ཁི་ཧྲི་མུས་ཨར་ས་ཁུལ་གྱི་ལྷ་ཁང་ཞིག་ཏུ་རྡོག་བརྫིས་དོན་རྐྱེན་བྱུང་སྟེ་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མི་ཉི་ཤུར་རྨས་ཕོག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་གར་གསར་འགྱུར་ལས་རིགས་ཀྱིས་ཚེས་གཅིག་ཉིན་བསྒྲགས་པ་ལྟར་ན། རྒྱ་གར་གྱིས་ཚོད་འཛིན་བྱེད་པའི་ཁི་ཧྲི་མུས་ཨར་ས་ཁུལ་དུ་ཉིན་དེའི་ཞོགས་པར་རྡོག་བརྫིས་དོན་རྐྱེན་ཞིག་བྱུང་སྟེ། མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་ཉི་ཤུར་རྨས་ཕོག་ཡོད་ཟེར། 

ས་དེའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཉིན་དེའི་ཞོགས་པའི་དུས་ཚོད་གཉིས་དང་སྐར་མ་ཞེ་ལྔའི་ཡས་མས་སུ། རྒྱ་གར་གྱིས་ཚོད་འཛིན་བྱེད་པའི་ཁི་ཧྲི་མུས་ཨར་ས་ཁུལ་གྱི་དགུན་ཁའི་ལྟེ་གནས་གྲོང་ཁྱེར་ཁྲ་མའོ་ཉེ་འདབས་ཀྱི་ལྷ་ཁང་ཞིག་ཏུ་རྡོག་བརྫིས་དོན་རྐྱེན་བྱུང་། དོན་རྐྱེན་བྱུང་སྐབས་ས་ཁུལ་སོ་སོ་ནས་ཡོང་བའི་དད་ལྡན་མང་ཚོགས་སྐོར་ཞིག་གིས་ལོ་གསར་བའི་མཆོད་མཇལ་བྱེད་པར་གྲ་སྒྲིག་བྱེད་བཞིན་ཡོད། དད་ལྡན་མང་ཚོགས་མི་ཉུང་བ་ཞིག་ལ་ཆོག་མཆན་ཐོབ་མེད་པས། ཁོ་ཚོས་ལྷ་ཁང་གི་ཕྱི་རོལ་དུ་འཚང་ཁ་བརྒྱབ་སྟེ་མཇུག་མཐར་རྡོག་བརྫིས་དོན་རྐྱེན་བྱུང་བ་རེད་ཟེར། 

བསྒྲགས་པ་ལྟར་ན། དོན་རྐྱེན་བྱུང་རྗེས་རྒུད་སྐྱོབ་བྱ་བ་མྱུར་མོར་སྤེལ་མགོ་བརྩམས་པ་དང་། མིག་སྔར་རྨས་མ་ཚང་མ་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ལ། དེའི་ནང་མི་རེ་འགའི་གནས་ཚུལ་ཚབས་ཆེན་རེད་ཟེར། 

རྒྱ་གར་གྱི་ཙུང་ཐུང་ཁི་ཝུན་ཏི་དང་ཙུང་ལི་མའོ་ཏིས་ཀྱིས་རྡོག་བརྫིས་དོན་རྐྱེན་ཁྲོད་ཀྱི་འདས་པོར་མྱ་ངན་ཞུས་པ་དང་། རྨས་མ་དག་ལ་དགོས་ངེས་ཀྱི་སྨན་བཅོས་རོགས་སྐྱོར་གང་ལེགས་འདོན་སྤྲོད་བྱེད་དགོས་པའི་མཛུབ་སྟོན་གནངས། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།