ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ཁི་སི་ཐན་གྱི་ལྷོ་ནུབ་ས་ཁུལ་དུ་འགས་གཏོར་དོན་རྐྱེན་བྱུང་སྟེ་མི་བཞི་རྐྱེན་ལམ་དུ་ཤོར་བ་དང་མི་བཅོ་ལྔར་རྨས་ཕོག་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་ལྷོ་ནུབ་ཕྱོགས་ཀྱི་པུས་ལུའུ་ཀྲི་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཁོས་ཏཱ་ནས་ཟླ་བཅུ་གཉིས་པའི་ཚེས་སུམ་ཅུ་ཉིན་འགས་གཏོར་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་བཅོ་ལྔར་རྨས་ཕོག་ཡོད་ཟེར། 

ཕཱ་ཁི་སི་ཐན་གསར་འགྱུར་ལས་རིགས་ཀྱིས་ཉིན་དེར་ཉེན་རྟོག་ཕྱོགས་ཀྱི་གནས་ཚུལ་དྲངས་ནས་བཤད་རྒྱུར། འགས་གཏོར་དོན་རྐྱེན་དེ་ཁོས་ཏཱ་གྲོང་ཁྱེར་གྱི་སློབ་གྲྭ་ཞིག་གི་ཉེ་འདབས་ནས་བྱུང་བ་དང་། སློབ་མ་སྐོར་ཞིག་སློ་གྲྭའི་ཐོག་ཁང་ཆེན་མོ་ནས་ཕྱིར་ཡོང་བ་དང་འཕྲད་པས། མི་སྣར་ཤི་རྨས་བཟོས་ཡོད་ལ། ཉེ་འདབས་ཀྱི་ཁང་བ་དང་རླངས་འཁོར་མང་བོར་གཏོར་བརླག་ཐེབས་ཡོད། བདེ་འཇགས་དམག་དཔུང་དང་རྒུད་སྐྱོབ་མི་སྣ་དེའི་རྗེས་སུ་ཡུལ་དངོས་སུ་འབྱོར་ནས། ཤི་རྨས་ཐེབས་པའི་མི་རྣམས་སྨན་ཁང་དུ་བསྐྱལ། ཡུལ་དངོས་བཀག་སྡོམ་བྱས་པ་དང་། བདེ་འཇགས་དམག་དཔུང་གིས་དོན་རྐྱེན་དེར་རྟོག་ཞིབ་བྱེད་བཞིན་ཡོད་ཟེར། 

ཁོས་ཏཱ་གྲོང་ཁྱེར་གྱི་གྲོང་ཁྱེར་སྡོད་དམངས་སྨན་ཁང་གི་མགྲིན་ཚབ་པ་པེད་ཀི་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། སྨན་ཁང་དེས་འདས་པོའི་བེམ་པོ་བཞི་དང་ལེན་བྱས་ཡོད་པ་དང་། གཞན་ཡང་རྨས་མ་བཅོ་ལྔས་སྨན་ཁང་དུ་གསོ་བཅོས་བྱེད་བཞིན་ཡོད་ཟེར། 

མིག་སྔར་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཐེངས་འདིའི་འགས་གཏོར་དོན་རྐྱེན་བཟོས་པ་ཁྱབ་བསྒྲགས་བྱས་མེད།  །

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།