ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་གི་ཙུང་ཐུང་གིས་སྲིད་གཞུང་གསར་བའི་རྩ་འཛུགས་ལེགས་འགྲུབ་འབྱུང་བར་རེ་སྒུག་བྱེད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་གི་ཙུང་ཐུང་སཱ་ལེ་ཧི་ཡིས་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་བསྟན་དོན། ཁོས་སྐབས་གསར་བའི་སྲིད་གཞུང་གིས་བདེ་བླག་ངང་སྲིད་གཞུང་སྲིད་འཛིན་ལས་ཁུངས་རྩ་འཛུགས་བྱས་ཏེ་དབྱི་རག་མི་དམངས་ལ་ཞབས་འདེགས་ཞུ་བར་རེ་སྒུག་བྱེད་བཞིན་ཡོད་ཟེར། 

སཱ་ལེ་ཧི་ཡིས་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། སྐབས་གསར་བའི་སྲིད་གཞུང་ལ་ངེས་པར་དུ་དབྱི་རག་མི་དམངས་དང་ཁྱིམ་མཚེས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ནུས་པ་ལྡན་དགོས་ཤིང་། དབྱི་རག་མི་དམངས་ཀྱིས་སྲིད་གཞུང་གིས་དཀའ་ཁག་སྣ་ཚོགས་ཁྱད་དུ་བསལ་ནས་རྒྱལ་ཁབ་གཏན་འཇགས་མངོན་འགྱུར་བྱེད་པ་དང་། བཅོས་བསྒྱུར་ལ་སྐུལ་འདེད་བཏང་སྟེ་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་དགོས་ཟེར། 

སཱ་ལེ་ཧི་ཡིས་ཟླ་བཅུ་གཉིས་པའི་ཚེས་སུམ་ཅུ་ཉིན་བཀོད་པའི་བཅའ་ཁྲིམས་བཀའ་རྒྱ་ལྟར་ན། དབྱི་རག་གི་སྐབས་གསར་བའི་རྒྱལ་དམངས་གྲོས་ཁང་གི་གྲོས་ཚོགས་ཐོག་མ་དེ་ཉིས་སྟོང་ཉེར་གཉིས་ལོའི་ཟླ་དང་པོའི་ཚེས་དགུ་ཉིན་སྤེལ་རྒྱུ་རེད། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།