ཀྲུང་གོ་བོད་ཀྱི་དྲ་བ།

མཱ་མཱེ་ཐའོ་ཧྥུའུ་ཡང་བསྐྱར་ཅིར་ཅི་སི་སི་ཐན་གྱི་གྲོས་དཔོན་དུ་བདམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-12-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཅིར་ཅི་སི་སི་ཐན་གྱི་སྐབས་གསར་པའི་གྲོས་ཁང་གི་ཁོངས་མིས་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་ཉིན་དམ་བཅའ་བཞག་སྟེ་ལས་འགན་ཁུར། མཱ་མཱེ་ཐའོ་ཧྥུའུ་ཡང་བསྐྱར་གྲོས་དཔོན་དུ་བདམས་ཐོན་བྱུང་། 

ཅིར་ཅི་སི་སི་ཐན་གྱི་ཀྲུང་དབྱང་འདེམ་བསྐོའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྲ་དབྱེ་ཨར་ཏཱ་པེ་ཁི་ཝ་ཡིས་ཉིན་དེར་ཟླ་བཅུ་གཅིག་པའི་གྲོས་ཁང་འདེམ་བསྐོའི་མཇུག་མཐའི་མཇུག་འབྲས་ཁྱབ་བསྒྲགས་བྱས་པ་དང་། དེའི་རྗེས་སུ་སྐབས་གསར་པའི་གྲོས་ཁང་གི་ཁོངས་མིས་དམ་བཅའ་བཞག་སྟེ་ལས་འགན་ཁུར་བར་མ་ཟད། གྲོས་ཚོགས་ཐེངས་དང་པོ་བསྡུས་ནས། ཡིད་མཐུན་ཏང་གི་མཱ་མཱེ་ཐའོ་ཧྥུའུ་སྐབས་གསར་བའི་གྲོས་ཁང་གི་གྲོས་དཔོན་དུ་བདམས་པ་རེད། 

མཱ་མཱེ་ཐའོ་ཧྥུའུ་ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་གཅིག་པར་སྐབས་སྔོན་མའི་གྲོས་ཁང་གི་གྲོས་དཔོན་དུ་བདམས་མྱོང་བ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།