ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ཉེར་བརྒྱད་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་གསར་པ་ལྟར་ན། འཛམ་གླིང་ཡོངས་སུ་རིམ་བརྩིས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་དུང་ཕྱུར་གཉིས་དང་བྱེ་བ་བརྒྱད་འབུམ་གཅིག་ཁྲི་གཅིག་སྟོང་དགུ་དགུ་བརྒྱ་སོ་གཅིག་ལ་སླེབས་ཡོད།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བསྒྲགས་པའི་གཞི་གྲངས་གསར་བ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོའི་དུས་ཚོད་ལྔ་དང་སྐར་མ་ལྔ་བཅུའི་བར། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་འབུམ་བཞི་དང་ཁྲི་ལྔ་སྟོང་ལྔ་དགུ་བརྒྱ་ཞེ་བཞི་ཇེ་མང་དུ་སོང་སྟེ། བསྡོམས་པས་ནད་པ་དུང་ཕྱུར་གཉིས་དང་བྱེ་བ་བརྒྱད་འབུམ་གཅིག་ཁྲི་གཅིག་སྟོང་དགུ་དགུ་བརྒྱ་སོ་གཅིག་ལ་བསླེབས་ཡོད། རྐྱེན་ལམ་དུ་ཤོར་བའི་ནད་པ་སྟོང་བཞི་དང་ལྔ་བརྒྱ་དང་གཅིག་ཇེ་མང་དུ་སོང་སྟེ། བསྡོམས་པས་རྐྱེན་ལམ་དུ་ཤོར་བའི་ནད་པ་ས་ཡ་ལྔ་དང་འབུམ་བཞི་སྟོང་གསུམ་དྲུག་བརྒྱ་རེ་གཉིས་ལ་སླེབས་ཡོད།
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
འཛམ་གླིང་ཡོངས་སུ་རིམ་བརྩིས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་དུང་ཕྱུར་གཉིས་དང་བྱེ་བ་བརྒྱད་འབུམ་གཅིག་ཁྲི་གཅིག་སྟོང་དགུ་དགུ་བརྒྱ་སོ་གཅིག་ལ་སླེབས་ཡོད།