ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་ཨུ་རུ་སིའི་མཛའ་མཐུན་དང་ཞི་བདེ། འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གསུམ་པ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-12-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གོ་དང་ཨུ་རུ་སིའི་མཛའ་མཐུན་དང་ཞི་བདེ། འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གིས་ཟླ་བཅུ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་བརྙན་ལམ་བརྒྱུད་དེ་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གསུམ་པ་བསྡུས། 

ཀྲུང་་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཨུ་ཡོན་ལྷན་ཁང་གི་ཀྲུང་གོའི་ཕྱོགས་ཀྱི་ཀྲུའུ་ཞི་ཞཱ་པའོ་ལུང་དང་ཨུ་རུ་སིའི་ཕྱོགས་ཀྱི་ཀྲུའུ་ཞི་ཅི་ཐའོ་ཧྥུའུ་གཉིས་སོ་སོར་པེ་ཅིང་དང་མའོ་སི་ཁོ་ནས་གྲོས་ཚོགས་ལ་ཞུགས་ཡོད་ལ། ཨུ་ཡོན་ལྷན་ཁང་གི་ཕྱོགས་གཉིས་ཀྱི་ལས་འཛིན་ལྷན་ཚོགས་སོ་སོའི་ཀྲུའུ་ཞི་དང་འཐུས་མི་བཅས་མི་བརྒྱད་ཅུ་ལྷག་གྲོས་ཚོགས་ལ་ཞུགས་ཡོད། 

གྲོས་ཚོགས་ནས་ཨུ་ཡོན་ལྷན་ཁང་གི་ལོ་གཉིས་རིང་གི་བྱ་བའི་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་སྤྱི་བསྡོམས་དང་གདེང་འཇོག་ཆེན་པོ་བྱས་ཤིང་། ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ལྟ་ཚུལ་དངོས་འབེབ་བྱེད་པ་དང་། ཁྱིམ་མཚེས་མཛའ་མཐུན་ཇེ་ཟབ་ཏུ་གཏོང་བ། དམངས་ཁྲོད་ཀྱི་འབྲེལ་འདྲིས་ཇེ་ཟབ་ཏུ་གཏོང་བ་བཅས་ཀྱི་ཐད་ནས་བསམ་འཆར་བརྗེ་རེས་བྱས་པར་མ་ཟད། མ་འོངས་པའི་བྱ་བའི་གཙོ་གནད་གཏན་འཁེལ་གསལ་བོ་བྱས། 

ཅི་ཐའོ་ཧྥུའུ་ཡིས་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འགོར་བ་དང་ཀྲུང་གོའི་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ཐོབ་པར་རྟེན་འབྲེལ་ཞུས་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་སང་ལོར་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་ངོ་ཉེར་ལྔ་འགོར་བ་དང་ཨུ་རུ་སི་དང་ཀྲུང་གོའི་ལུས་རྩལ་བརྗེ་རེས་ལོ་གོ་སྐབས་སུ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་དམངས་ཁྲོད་ཀྱི་བརྗེ་རེས་མཉམ་ལས་ལ་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་པའི་ཚུལ་བསྟན། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།