ཀྲུང་གོ་བོད་ཀྱི་དྲ་བ།

པུ་ཁི་ནཱ་ཧྥ་སོའི་ཚོང་དོན་རུ་ཁག་ཅིག་ལ་འཇབ་རྒོལ་ཐེབས་ཏེ་མི་ཞེ་གཅིག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-12-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  པུ་ཁི་ནཱ་ཧྥ་སོ་སྲིད་གཞུང་གིས་ཚེས་ཉེར་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། རྒྱལ་ཁབ་དེའི་ཚོང་བའི་རླངས་འཁོར་རུ་ཁག་ཅིག་ལ་ཚེས་ཉེར་གསུམ་ཉིན་བྱང་ཕྱོགས་ཀྱི་ལོ་ལུའུ་མུའུ་ཞིང་ཆེན་ནས་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ཏེ། མི་ཞེ་གཅིག་རྐྱེན་ལམ་དུ་ཤོར་བ་རེད། དེའི་ནང་ཚོང་དོན་རུ་ཁག་ལ་སྲུང་སྐྱོབ་བྱེད་པའི་ས་གནས་དམངས་དམག་དྲག་ཆས་པའི་མགོ་ཁྲིད་པ་ཞིག་ཀྱང་རྐྱེན་ལམ་དུ་ཤོར་ཟེར། 

པུ་ཁི་ནཱ་ཧྥ་སོའི་སྲིད་གཞུང་གིས་ཡ་ང་བའི་འཇབ་རྒོལ་དོན་རྐྱེན་དེར་རྒོལ་གཏམ་དྲག་པོ་བཏང་བ་དང་། འདས་པོའི་ཁྱིམ་མིར་འཚམས་འདྲི་བྱས། 

མིག་སྔར་ད་རུང་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།