ཀྲུང་གོ་བོད་ཀྱི་དྲ་བ།

ཚོང་དོན་པུའུ་ཡིས་ཨ་རི་ཕྱོགས་ཀྱིས་ཀྲུང་གོ་དང་ཨ་རིའི་ཉོ་ཚོང་མཉམ་ལས་རྒྱ་སྐྱེད་པར་ཆ་རྐྱེན་གང་ལེགས་འདོན་པར་རེ་བ་ཡོད་ཅེས་བསྟན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-12-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས23ཉིན། ཚོང་དོན་པུའུ་ཡི་གསར་འགྱུར་མགྲིན་ཚབས་པ་ཀའོ་ཧྥིན་ཡིས་དྲ་སྟེང་ནས་གསར་འགྱུར་འཆར་འགོད་ཚོགས་འདུ་འཚོགས་ཏེ་བཤད་རྒྱུར། ཀྲུང་གོ་དང་ཨ་རི་གཉིས་ཀྱིས2020ལོའི་ལོ་མགོར་དུས་རིམ་དང་པོའི་དཔལ་འབྱོར་ཉོ་ཚོང་གི་གྲོས་མཐུན་ཡི་གེ་སྟེང་མིང་རྟགས་བཀོད་པའི་ཚུན་ལ། ཀྲུང་གོ་ཕྱོགས་ཀྱིས་རིམས་ནད་ཀྱི་ཕོག་ཐུག་དང་། གོ་ལ་ཧྲིལ་བོའི་དཔལ་འབྱོར་ཉམས་རྒུད། འདོན་སྤྲོད་འབྲེལ་ཐག་ཆད་པ་བཅས་ཀྱི་དཀའ་བ་ཁྱད་དུ་སེལ་ནས། ཕྱོགས་གཉིས་ཀྱིས་ཐུན་མོང་གི་འདོད་བློ་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་བ་ཡིན། རེ་བར་ཨ་རི་ཕྱོགས་ཀྱིས་ཕྱོགས་གཉིས་ཀྱི་ཉོ་ཚོང་མཉམ་ལས་རྒྱ་སྐྱེད་པར་ཆ་རྐྱེན་གང་ལེགས་འདོན་དགོས། ཀའོ་ཧྥིན་གྱིས་ད་དུང་མིག་སྔར་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་ཚོགས་པས་རྒྱུན་ལྡན་གྱི་འབྲེལ་བ་སྲུང་འཛིན་བྱེད་བཞིན་ཡོད་ཟེར། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།