ཀྲུང་གོ་དང་ཧན་གོས་ཕྱི་འབྲེལ་སྡེ་ཁག་གི་མཐོ་རིམ་འཐབ་ཇུས་གྲོས་མོལ་ཐེངས་དགུ་པ་སྤེལ་རྒྱུ་རེད།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲའོ་ལིས་ཅན་གྱིས་ཚེས་ཉེར་གཅིག་ཉིན་ཁྱབ་བསྒྲགས་བྱས་དོན། ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་ལི་ཡུས་ཁྲིན་གྱིས་ཟླ་བཅུ་གཉིས་པའི་ཚེས་ཉེར་གསུམ་ཉིན་བརྙན་ལམ་བརྒྱུད་དེ་ཧན་གོའི་ཕྱི་འབྲེལ་པུའུ་ཡི་དཔོན་པོ་གཞོན་པ་དང་པོ་ཚོས་ཀྲུང་ཅན་དང་མཉམ་དུ། ཀྲུང་གོ་དང་ཧན་གོའི་ཕྱི་འབྲེལ་སྡེ་ཁག་གི་མཐོ་རིམ་འཐབ་ཇུས་གྲོས་མོལ་ཐེངས་དགུ་པ་སྤེལ་རྒྱུ་ཡིན་པ་དང་། ཕྱོགས་གཉིས་ཀྱིས་རང་རང་གི་ཕྱི་ཕྱོགས་སྲིད་ཇུས་དང་རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ། ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་སོགས་ཀྱི་ཐད་ནས་བསམ་འཆར་བརྗེ་རེས་ཟབ་མོ་བྱེད་རྒྱུ་རེད་ཟེར།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།