ཀྲུང་གོ་བོད་ཀྱི་དྲ་བ།

ནུབ་ཀྱི་རྒྱ་མཚོ་ཆེན་མོའི་ལྷོ་ཕྱོགས་ཀྱི་ནན་སང་ཏི་ཝེ་ཆི་གླིང་ཚོམ་ཉེ་ཁོངས་སུ་རིམ་པ6.1ཅན་གྱི་ས་ཡོམ་བྱུང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-12-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས16ཉིན། ནུབ་ཀྱི་རྒྱ་མཚོ་ཆེན་མོའི་ལྷོ་ཕྱོགས་ཀྱི་སང་ཏི་ཝེ་ཆི་གླིང་ཚོམ་ཉེ་ཁོངས་སུ་ས་ཡོམ་རིམ་པ6.1ཅན་བྱུང་ལ། མིག་སྔར་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱོང་གུད་ཀྱི་སྙན་ཞུ་ཅི་ཡང་འབྱོར་མེད་པ་རེད།  

ཨ་རིའི་ས་གཤིས་བརྟག་དཔྱད་ཅུའུ་ས་ཡོམ་ཆ་འཕྲིན་དྲ་བའི་སྟེང་བཀོད་པའི་གནས་ཚུལ་ལྟར་ན། ཐེངས་འདིའི་ས་ཡོམ་ནི་གུ་ལིན་ཉི་ཀྲིའི་དུས་ཚོད་ཟླ12པའི་ཚེས16ཉིན་གྱི་ཆུ་ཚོད21དང་སྐར་མ14(པེ་ཅིང་གི་དུས་ཚོད་ཚེས17ཉིན་གྱི་ཆུ་ཚོད5དང་སྐར་མ14)སྟེང་བྱུང་ཞིང་། ཡོམ་ལྟེ་ནི་འཕྲེད་ཐིག་ལྷོ་མའི་ཏུའུ60.288དང་གཞུང་ཐིག་ནུབ་མའི་ཏུའུ23.853ལ་ཁེལ་བ་དང་། ཡོམ་ཁུངས་ཀྱི་གཏིང་ཚད་སྤྱི་ལེ10རེད། 

ནན་སང་ཏི་ཝེ་ཆི་གླིང་ཚོམ་ནི་ས་སྟོང་ལུང་སྟོང་གི་གླིང་ཕྲན་མང་པོས་གྲུབ་ཅིང་ལྷོ་སྣེ་གླིང་དང་ཉེ་བས་ཁ་བ་དང་འཁྱག་རོམ་གྱིས་ཁེབས་ཡོད་པས་རྒྱུན་སྡོད་གྲོང་མི་མེད་པ་རེད། ། 

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།