ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་གིས་དབྱི་རག་ཏུ་སྡོད་པའི་ཕྱི་རྒྱལ་གྱི་དམག་དཔུང་གི་འཐབ་འཛིང་མི་སྣས་ལས་འགན་ཡོངས་འགྲུབ་བྱས་ཏེ་ཚང་མ་ཕྱིར་འཐེན་བྱེད་རྒྱུ་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-12-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་རྒྱལ་ཁབ་བདེ་འཇགས་ཀྱི་བློ་འདོན་པ་ཨ་ལཱ་ཅི་ཡིས་ཚེས་དགུ་ཉིན་ཁྱབ་བསྒྲགས་བྱས་དོན། དབྱི་རག་ཏུ་སྡོད་པའི་ཕྱི་རྒྱལ་གྱི་དམག་དཔུང་གི་འཐབ་འཛིང་མི་སྣས་ལས་འགན་ཡོངས་འགྲུབ་བྱས་པ་དང་། དམག་དཔུང་ཚང་མ་དབྱི་རག་ནས་ཕྱིར་འཐེན་བྱེད་རྒྱུ་རེད་ཟེར། 

ཨ་ལཱ་ཅི་ཡིས་བཤད་རྒྱུར། དབྱི་རག་གིས་ཉིན་དེར་ཨ་མེ་རི་ཁ་གཙོ་བྱས་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་རྒྱལ་སྤྱིའི་མནའ་འབྲེལ་བར་གྱི་ཆེས་མཇུག་མཐའི་ལག་རྩལ་རང་བཞིན་གྱི་གྲོས་མོལ་མཇུག་སྒྲིལ་ཡོད།་ཟེར། ཨ་ལཱ་ཅི་ཡིས་རྒྱལ་སྤྱིའི་མནའ་འབྲེལ་དམག་དཔུང་གི་འཐབ་འཛིང་ལས་འགན་མཇུག་སྒྲིལ་བ་དང་། འཐབ་འཛིང་མི་སྣ་ཚང་མ་དབྱི་ལིང་ནས་ཕྱིར་འཐེན་བྱེད་རྒྱུ་ཡིན་པ་དངོས་སུ་ཁྱབ་བསྒྲགས་བྱས། 

ཨ་ལཱ་ཅི་ཡིས་བསྟན་དོན། དབྱི་རག་དང་རྒྱལ་སྤྱིའི་མནའ་འབྲེལ་གྱི་འབྲེལ་བ་སྲུང་འཛིན་བྱེད་རྒྱུ་ཡིན་པ་དང་། ཕྱིར་འཐེན་མ་བྱས་པའི་རྒྱལ་སྤྱིའི་མནའ་འབྲེལ་དམག་དཔུང་གིས་མུ་མཐུད་དུ་དབྱི་རག་གི་དམག་དཔུང་ལ་དམག་དོན་བློ་འདྲི་དང་རོགས་སྐྱོར། གསོ་སྦྱོང་བཅས་འདོན་སྤྲོད་བྱེད་རྒྱུ་རེད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།