ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱའི་དམག་ཕྱོགས་ཀྱིས་དབྱི་སི་རལ་གྱིས་སི་རི་ཡཱའི་ནུབ་བྱང་ཕྱོགས་ཀྱི་གྲུ་ཁར་འཇབ་རྒོལ་བྱས་སོང་ཟེར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-12-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་དམག་ཕྱོགས་ཀྱིས་ཚེས་བདུན་ཉིན་བཤད་རྒྱུར། དབྱི་སི་རལ་གྱིས་ཉིན་དེའི་ཞོགས་པར་སི་རི་ཡཱའི་ནུབ་བྱང་ཕྱོགས་ཀྱི་ལཱ་ཐཱ་ཅི་ཡཱ་གྲུ་ཁར་བར་སྣང་འཇབ་རྒོལ་བྱས་པ་དང་། འཇབ་རྒོལ་ཁྲོད་ཟོང་འདྲུད་འཁོར་སྒམ་མང་བོ་མེར་འབར་བ་རེད་ཟེར། 

སི་རི་ཡཱའི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཚེས་བདུན་ཉིན་གྱི་ཞོགས་པའི་དུས་ཚོད་གཅིག་དང་སྐར་མ་ཉེར་གསུམ་ཡས་མས་སུ། དབྱི་སི་རལ་གྱིས་ལཱ་ཐཱ་ཅི་ཡཱ་གྲུ་ཁའི་ཟོང་འདྲུད་འཁོར་སྒམ་འཇོག་སའི་ས་ཁུལ་དུ་འཕུར་མདའ་འགའ་གཏོང་འཕེན་བྱས། བརྙན་རིས་ལས་མངོན་པ་ལྟར་ན། ལཱ་ཐཱ་ཅི་ཡཱ་གྲུ་ཁའི་ཟོང་འདྲུད་འཁོར་སྒམ་འཇོག་སའི་གནས་སུ་མེ་འབར་བ་དང་། མེ་གསོད་རླངས་འཁོར་ཡུལ་དངོས་སུ་འབྱོར་ཡོད་ཟེར། 

མིག་སྔར་འཇབ་རྒོལ་དོན་རྐྱེན་དེ་ལས་མི་སྣར་ཤི་རྨས་བྱུང་བའི་སྙན་ཞུ་བསྒྲགས་མེད། ལཱ་ཐཱ་ཅི་ཡཱ་ཞིང་ཆེན་གྱི་ཧྲིན་ཀྲང་ཞེ་ལཱ་ལེ་ཡིས་བསྟན་དོན། མེ་གསོད་མི་སྣས་ཟོང་འདྲུད་འཁོར་སྒམ་མེར་འབར་བའི་མེ་སྐྱོན་ཞི་འཇགས་སུ་བཏང་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།