ཀྲུང་གོ་བོད་ཀྱི་དྲ་བ།

ཨན་ཐེན་ཝུན་ཞོང་གིས་གང་མགྱོགས་སྒོས་འཇར་པན་གྱི་དཔལ་འབྱོར་སླར་གསོ་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-12-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་ཐེན་ཝུན་ཞོང་གིས་ཚེས་དྲུག་ཉིན་གནས་སྐབས་ཀྱི་རྒྱལ་ཚོགས་གྲོས་ཞུགས་ཁང་དང་དམངས་གྲོས་ཁང་གི་ཚང་འཛོམས་གྲོས་ཚོགས་སྟེང་སྲིད་སྐྱོང་གཏམ་བཤད་སྤེལ་ཏེ། མྱུར་མོར་འཇར་པན་རྒྱལ་ནང་གི་དཔལ་འབྱོར་སླར་གསོ་བྱེད་རྒྱུ་ནན་བཤད་བྱས། 

ཨན་ཐེན་ཝུན་ཞོང་གིས་བཤད་རྒྱུར། མྱུར་མོར་དགོས་ངེས་ཀྱི་ནོར་སྲིད་འགྲོ་སོང་ལ་བརྟེན་ནས་དཔལ་འབྱོར་སླར་གསོ་བྱེད་དགོས་ཟེར། ཁོས་བཏོན་པའི་བྱེ་བྲག་གི་བྱེད་ཐབས་ནི་ལོ་ངོ་གསུམ་ཙམ་གྱི་དུས་ཚོད་བེད་སྤྱད་དེ་འཇར་པན་གྱི་མཚོ་འོག་ནས་གློག་སྐུད་འཐེན་པ་དང་། གཞི་རྒྱ་ཆེ་བའི་གཞི་གྲངས་ལྟེ་གནས་དང་འོད་སྐུད། Gལྔ་བཅས་གསར་བསྐྲུན་བྱས་ཏེ། རྒྱལ་ཡོངས་ཁྱབ་ཁོངས་ནང་མྱུར་ཚད་མཐོ་ཞིང་ཤོང་ཚད་ཆེ་བའི་གྲངས་ལྡན་ཞབས་ཞུ་འདོན་སྤྲོད་བྱེད་པ་སོགས་འདུས་ཡོད། 

ཨན་ཐེན་ཝུན་ཞོང་གིས་གཏམ་བཤད་སྤེལ་སྐབས་ད་རུང་རྒྱལ་ཁབ་རང་གི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྡོམ་དང་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་པ་སོགས་ཀྱི་འདོད་བློ་གླེང་ཡོད། 

ཨན་ཐེན་ཝུན་ཞོང་གིས་བཤད་རྒྱུར། འཇར་པན་གྱིས་ལོ་གཅིག་གི་དུས་ཚོད་བེད་སྤྱད་དེ་རྒྱལ་ཁབ་བདེ་འཇགས་འགན་སྲུང་འཐབ་ཇུས་དང་འགོག་སྲུང་འཆར་གཞིའི་རྩ་གནད་སོགས་གཏན་འབེབས་བྱས་ཏེ། མྱུར་མོར་འཇར་པན་གྱི་འགོག་སྲུང་ནུས་པ་ཇེ་དྲག་ཏུ་གཏོང་དགོས་ཟེར། 

ཐེངས་འདིའི་གནས་སྐབས་རྒྱལ་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་ཚེས་དྲུག་ཉིན་ནས་ཚེས་ཉེར་གཅིག་ཉིན་བར་བསྡུ་རྒྱུ་ཡིན་པ་དང་། དེའི་ནང་འཇར་པན་སྲིད་འཛིན་ཏང་དང་སྲིད་དབང་བཟུང་མེད་པའི་ཏང་གིས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྡོམ་སྲིད་ཇུས་དང་དཔལ་འབྱོར་སླར་གསོ་སོགས་གནད་དོན་ཐད་ནས་གྲོས་བསྡུར་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།