ཨ་སེ་པེད་ཅང་གི་དམག་བཀོལ་གྱེན་འཕུར་གནམ་གྲུ་ཞིག་སར་ལྷུང་ནས་མི་བཅུ་བཞི་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་སེ་པེད་ཅང་གི་དམག་བཀོལ་གྱེན་འཕུར་གནམ་གྲུ་ཞིག་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུའི་ཉིན་ཨ་སེ་པེད་ཅང་གི་ཤར་ཕྱོགས་ས་ཁུལ་ནས་སར་ལྷུང་སྟེ། མི་བཅུ་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་གཉིས་ལ་རྨས་ཕོག་ཟེར། 

ཨ་སེ་པེད་ཅང་འཕྲིན་གཏོང་ཁང་གིས་ཉིན་དེར་རྒྱལ་ཁབ་མཐའ་མཚམས་དོ་དམ་ཅུའུ་ཡི་གནས་ཚུལ་དྲངས་པ་ལྟར་ན། ཅུའུ་དེའི་ཁོངས་སུ་གཏོགས་པའི་དམག་བཀོལ་གྱེན་འཕུར་གནམ་གྲུ་ཞིག་ཉིན་དེར་རྒྱལ་ས་པཱ་ཁུའུ་བྱང་ངོས་ཀྱི་སྤྱི་ལེ་དགུ་བཅུའི་མཚམས་སུ་ཡོད་པའི་ཁི་ཆི་ས་ཁུལ་དུ་སར་ལྷུང་བ་དང་། སྐབས་ཐོག་དེར་གྱེན་འཕུར་གནམ་གྲུ་དེས་འཕུར་སྐྱོད་སྦྱོང་བརྡར་བྱེད་བཞིན་ཡོད་པ་རེད་ཟེར། 

གཞན་ཡང་ཨ་སེ་པེད་ཅང་རྒྱལ་ཁབ་མཐའ་མཚམས་དོ་དམ་ཅུའུ་ཡིས་བདེན་དཔང་བྱས་པ་ལྟར་ན། དོན་རྐྱེན་དེ་ལས་མི་བཅུ་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་གཉིས་ལ་རྨས་ཕོག དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར། 

མིག་སྔར་གནམ་གྲུའི་སྟེང་བསྡད་ཡོད་པའི་མི་སྣའི་སྤྱི་གྲངས་གསལ་བོར་མི་ཤེས། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།