ཕུའུ་ཅིན་གྱིས་ཨུ་རུ་སི་ཡིས་སྒྲ་བརྒལ་མྱུར་ཚད་ཅན་གྱི་མཚོན་ཆ་ཞིབ་འཇུག་མཚོན་ཆ་ཞིབ་འཇུག་གསར་སྤེལ་བྱས་པ་ནི་བྱང་ཆིངས་རྩ་འཛུགས་ཀྱིས་ཨུ་རུ་སིར་འཇིགས་སྐུལ་བྱེད་པའི་བྱ་སྤྱོད་ལ་རྒོལ་ལན་སྤྲད་པ་ཡིན་ཟེར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན་མའོ་སི་ཁི་ནས་བསྟན་དོན། ཨུ་རུ་སིའི་སྒྲ་བརྒལ་མྱུར་ཚད་ཅན་གྱི་མཚོན་ཆ་ཞིབ་འཇུག་གསར་སྤེལ་བྱས་པ་ནི་བྱང་ཆིངས་རྩ་འཛུགས་ཀྱིས་ཨུ་རུ་སིར་འཇིགས་སྐུལ་བྱེད་པའི་བྱ་སྤྱོད་ལ་རྒོལ་ལན་སྤྲད་པ་ཡིན་ཟེར། 

ཕུའུ་ཅིན་བརྙན་རིས་རྣམ་པས་ཨུ་རུ་སིའི་འབོད་སྐུལ་ཅེས་པའི་རྒྱལ་སྤྱིའི་དངུལ་གཏོང་གླེང་སྟེགས་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་སྐབས་བསྟན་དོན། ཕོ་ལན་དང་རོ་མཱ་ནི་ཡཱ་ཡིས་འཕུར་མདའ་ལ་རྒོལ་བའི་མ་ལག་དང་དགྲ་སྟ་རྟགས་ཅན་གྱི་འཕུར་མདའ་གཏོང་འཕེན་ཐུབ་པའིMK-41རྟགས་ཅན་གྱི་གཏོང་འཕེན་མ་ལག་བཀོད་སྒྲིག་བྱས་ཡོད་ལ། དེ་ལས་ཨུ་རུ་སིར་འཇིགས་ཉེན་ཆེན་པོ་བཟོས་ཡོད་ཟེར། ཕུའུ་ཅིན་གྱིས་ནན་གྱིས་བསྟན་དོན། ཨུ་རུ་སི་ཡིས་སྒྲ་བརྒལ་མྱུར་ཚད་ཅན་གྱི་མཚོན་ཆ་ཞིབ་འཇུག་གསར་སྤེལ་བྱས་ཏེ་རྒོལ་ལན་མི་སྤྲོད་ཐབས་མེད་ཡིན་ཟེར། 

ཕུའུ་ཅིན་གྱིས་བསྟན་དོན། ཨུ་རུ་སི་ཡིས་འཕུར་བསྐྱོད་མྱུར་ཚད་མཱ་ཧི་དགུ་ལས་བརྒལ་བའི་སྒྲ་བརྒལ་མྱུར་ཚད་ཅན་གྱི་མཚོན་ཆ་ཚོད་ལྟ་བྱས་ཏེ་ལེགས་འགྲུབ་བྱུང་བ་དང་། སང་ལོའི་ལོ་མགོ་ནས་བཟུང་ཨུ་རུ་སིའི་དམག་དཔུང་ཁྲོད་སྒྲ་བརྒལ་མྱུར་ཚད་ལྡན་པའི་འཕུར་མདའ་སྒྲིག་སྦྱོར་བྱེད་རྒྱུ་ཡིན་ཟེར། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།