ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་ཀྱིས་འགོག་སྲུང་འགྲེམ་སྟོན་སྐབས་གཉིས་པ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-11-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨེ་ཅིབ་ཀྱི་འགོག་སྲུང་འགྲེམ་སྟོན་སྐབས་གཉིས་པ་ཚེས་ཉེར་དགུ་ཉིན་རྒྱལ་ས་ཁེ་རོ་ཡི་རྒྱལ་སྤྱིའི་འགྲེམ་ཚོགས་ལྟེ་གནས་ནས་སྤེལ་མགོ་བརྩམས་པ་དང་། ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་འགྲེམ་སྟོན་ཚོགས་འདུའི་ཡོལ་རས་ཕྱེས། 

ཨ་མེ་རི་ཁ་དང་ཀྲུང་གོ། ཨུ་རུ་སི། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་སོགས་རྒྱལ་ཁབ་ཞེ་གཉིས་ཀྱི་དམག་དོན་བཟོ་ལས་ཁེ་ལས་བཞི་བརྒྱ་ལྷག་ཐེངས་འདིའི་འགོག་སྲུང་འགྲེམ་སྟོན་ལ་ཞུགས་ཡོད། ཀྲུང་གོའི་བྱང་ཕྱོགས་བཟོ་ལས་ཚད་ཡོད་ཀུང་ཟི་དང་ཀྲུང་གོའི་གློག་རྡུལ་ཚན་རྩལ་སྡེ་ཚོགས། ཀྲུང་གོའི་མཁའ་འགྲུལ་ལག་རྩལ་ནང་འདྲེན་ཚད་ཡོད་འགན་འཁྲིའི་ཀུང་ཟི་སོགས་ཀྲུང་གོའི་ཁེ་ལས་འགྲེམ་སྟོན་ལ་ཞུགས། 

ཨེ་ཅིབ་ཀྱི་རྒྱལ་སྲུང་བློན་ཆེན་ཀྲ་ཅི་ཡིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་བསྟན་དོན། ཐེངས་འདིའི་འགྲེམ་སྟོན་ཚོགས་འདུ་ཡིས་འགྲེམ་སྟོན་ལ་ཞུགས་པའི་ཚོང་བར་རྒྱལ་སྲུང་བདེ་འཇགས་ཁྱབ་ཁོངས་ཀྱི་རྩེར་སོན་སྒྲིག་ཆས་འགྲེམ་སྟོན་བྱེད་པ་དང་ཕན་ཚུན་བརྗེ་རེས་བྱེད་པའི་སྟེགས་བུ་ཞིག་འདོན་སྤྲོད་བྱས་ཡོད་ལ། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་སོ་སོའི་རྒྱལ་སྲུང་ཁོངས་གཏོགས་དང་དམག་དོན་བཟོ་ལས་ཐོན་ལས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།