ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་གར་དུ་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ་ཉུང་མཐར་ཡང་མི་བཅོ་བརྒྱད་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-11-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱ་གར་གྱི་བྷང་ག་ལཱ་ནུབ་མ་མངའ་སྡེ་རུ་ཚེས་ཉེར་བདུན་ཉིན་རླངས་འཁོར་ཐོ་བརྒྱབ་པའི་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་བཅོ་བརྒྱད་རྐྱེན་ལམ་དུ་ཤོར། 

ཚེས་ཉེར་བདུན་ཉིན་གྱི་ནམ་གུང་བར། བྷང་ག་ལཱ་ནུབ་མ་མངའ་སྡེའི་ནཱ་ཏིས་ཡཱ་ས་ཁུལ་དུ། མི་ཉི་ཤུ་ལྷག་དྲུད་པའི་རླངས་འཁོར་ཞིག་ལམ་དུ་བགྲོད་སྐབས་ལམ་འགྲམ་དུ་བཞག་པའི་རྡོ་དྲུད་པའི་དངོས་སྐྱེལ་རླངས་འཁོར་ཞིག་དང་ཐོ་བརྒྱབ་སྟེ། ཉུང་མཐར་ཡང་རླངས་འཁོར་སྟེང་གི་མི་བཅོ་བརྒྱད་རྐྱེན་ལམ་དུ་ཤོར། གཞན་ཡང་མི་ལྔར་རྨས་ཕོག་ཡོད། མིག་སྔར་རྨས་མ་དག་ས་དེའི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད། 

ས་དེའི་ཉེན་རྟོག་ཕྱོགས་ཀྱིས་རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན། ཉིན་དེའི་དགོང་མོར་སྨུག་འཐིབས་ཡོད་པ་དང་། རླངས་འཁོར་ཁ་ལོ་བ་མྱུར་ཚད་ལས་བརྒལ་བའི་རྐྱེན་ཡིན་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།