ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱི་ཙུང་ལི་ཚབ་མས་ཨ་ཧྥུའུ་ཧན་གྱིས་རྒྱལ་ཁབ་ཚང་མའི་བར་གྲོགས་པོའི་འབྲེལ་བ་སྲུང་འཛིན་བྱེད་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-11-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་གནས་སྐབས་སྲིད་གཞུང་གི་ཙུང་ལི་ཚབ་མ་ཧཱ་སིང་ཨ་ཧོང་ཏི་ཡིས་ཚེས་ཉེར་བདུན་ཉིན་བསྟན་དོན། ཨ་ཧྥུའུ་ཧན་གྱིས་རྒྱལ་ཁབ་ཚང་མའི་བར་གྲོགས་པོའི་འབྲེལ་བ་དང་དཔལ་འབྱོར་འབྲེལ་འདྲིས་སྲུང་འཛིན་བྱེད་འདོད་ཡོད་ཟེར། 

ཧཱ་སིང་ཨ་ཧོང་ཏི་ཡིས་ཉིན་དེའི་དགོང་མོར་ཨ་ཧྥུའུ་ཧན་རྒྱལ་ཁབ་བརྙན་འཕྲིན་ཁང་ནས་གཏམ་བཤད་སྤེལ་སྐབས་གོང་གི་སྐད་ཆ་དེ་བཤད་པ་རེད། དེ་ནི་ཁོས་གནས་སྐབས་སྲིད་གཞུང་གི་ཙུང་ལི་ཚབ་མའི་འགན་ཁུར་བའི་ཚུན་ལ་ཐོག་དང་པོར་གཏམ་བཤད་སྤེལ་བ་རེད། 

ཧཱ་སིང་ཨ་ཧོང་ཏི་ཡིས་ནན་གྱིས་བསྟན་དོན། ཐཱ་ལེ་པན་གྱིས་རྩ་འཛུགས་གང་རུང་གིས་ཨ་ཧྥུའུ་ཧན་གྱི་མངའ་ཁོངས་བེད་སྤྱད་དེ་རྒྱལ་ཁབ་གཞན་པའི་བདེ་འཇགས་ལ་འཇིགས་ཉེན་བཟོ་བར་ཀུ་ཡངས་གཏན་ནས་གཏོང་མི་སྲིད་ཟེར། ཁོས་བསྟན་དོན། མིག་སྔར་ཐཱ་ལེ་པན་གྱིས་སྟོབས་ཤུགས་གཅིག་བསྡུས་བྱས་ཏེ་རྒྱལ་ཁབ་བསྐྱར་འཛུགས་བྱེད་བཞིན་ཡོད་ལ། ཨ་ཧྥུའུ་ཧན་ལ་གནོན་ཤུགས་བྱིན་ན་མི་སུར་ཡིན་ཡང་ཕན་ཐོགས་མེད་ཟེར། 

ཧཱ་སིང་ཨ་ཧོང་ཏི་ཡིས་ཨ་ཧྥུའུ་ཧན་གྱི་མང་ཚོགས་དག་གིས་མཐུན་སྒྲིལ་བྱས་ཏེ་རྒྱལ་ཁབ་བསྐྱར་འཛུགས་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། དཔོན་ཡོན་དག་གིས་ཧུར་ཐག་སྒོས་མི་དམངས་ལ་ཞབས་འདེགས་ཞུ་དགོས་པའི་སྐུལ་མ་བཏང་། ཁོས་ད་རུང་བསྟན་དོན། ཐཱ་ལེ་པན་གྱིས་བུད་མེད་ཀྱིས་སློབ་གསོ་མྱོང་བའི་ཁེ་དབང་ལ་བརྩི་འཇོག་བྱེད་པ་དང་། བུད་མེད་ཀྱི་ཁེ་དབང་ལ་འགན་སྲུང་བྱས་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།