ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་ཨ་སེ་པད་ཅང་། ཡ་མེ་ནི་ཡ་བཅས་རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་པས་ན་ཁ་ས་ཁུལ་གྱི་གནད་དོན་ཐད་ནས་ཕྱོགས་གསུམ་གྱི་གྲོས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-11-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སི་དང་ཨ་སེ་པད་ཅང་། ཡ་མེ་ནི་ཡ་བཅས་རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་པས་ཚེས་ཉེར་དྲུག་ཉིན་ཨུ་རུ་སིའི་ལྷོ་རྒྱུད་དུ་ཡོད་པའི་མཚོ་འགྲམ་གྲོང་ཁྱེར་སོ་ཆི་ནས་ན་ཁ་ས་ཁུལ་གྱི་གནད་དོན་ཐད་ནས་ཕྱོགས་གསུམ་གྱི་གྲོས་མོལ་ཚོགས་འདུ་བསྡུས་པར་མ་ཟད་མཉམ་འབྲེལ་གསལ་སྒྲོག་སྤེལ།

ཁི་ལིས་མུའུ་ལིན་ཕོ་བྲང་གིས་ཚེས་ཉེར་དྲུག་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཨུ་རུ་སི་དང་ཨ་སེ་པད་ཅང་། ཨ་མེ་ནི་ཡ་བཅས་རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་པས་ན་ཁ་ས་ཁུལ་གྱི་དམག་འཁྲུག་མཚམས་འཇོག་པའི་གསལ་སྒྲོག་སྟེང་མིང་བཀོད་ནས་ལོ་འཁོར་གཅིག་འགོར་བའི་སྐབས་སུ། ཨ་སེ་པད་ཅང་གི་ཙུང་ཐུང་ཨ་ལིས་ཡེ་ཧྥུའུ་དང་ཨ་མེ་ནི་ཡའི་ཙུང་ལི་ཕ་ཧྲི་ཉི་དབྱང་གཉིས་ཀྱིས་གདན་དྲངས་པ་ལྟར་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ཕྱོགས་གསུམ་གྱི་གྲོས་མོལ་ཚོགས་འདུར་ཞུགས། རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་པས་འབྲེལ་ཡོད་གྲོས་མཐུན་དངོས་འབེབས་བྱེད་པ་དང་ན་ཁ་ས་ཁུལ་བརྟན་འཇགས་ཡོང་བ་དང་ས་གནས་ཀྱི་ཞི་བདེ་འཚོ་བ་སླར་གསོ་བྱེད་པ། དེ་མིན་དཔལ་འབྱོར་ཉོ་ཚོང་སླར་གསོ་དང་འཕེལ་རྒྱས་སུ་གཏོང་བ་དང་འགྲིམ་འགྲུལ་འབྲེལ་འདྲིས་སོགས་གནད་དོན་ཐད་ལ་གྲོས་མོལ་བྱས་པར་མ་ཟད་མཉམ་འབྲེལ་གསལ་སྒྲོག་སྤེལ།

མཉམ་འབྲེལ་གསལ་སྒྲོག་ལྟར་ན། རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་པས་འབྲེལ་ཡོད་ན་ཁ་ས་ཁུལ་གྱི་དཔལ་འབྱོར་དང་འགྲིམ་འགྲུལ་འབྲེལ་འདྲིས་ཀྱི་གྲོས་མཐུན་དངོས་འབེབས་བྱེད་པའི་གནས་ཚུལ་ལ་གྲོས་སྡུར་བྱས་པ་དང་། བྱེད་ཐབས་ནུས་ལྡན་སྤྱད་དེ་ཨ་སེ་པད་ཅང་དང་ཡ་མེ་ནི་ཡའི་རྒྱལ་ཁབ་གཉིས་ཀྱི་རྒྱལ་མཚམས་ས་ཁུལ་གྱི་བརྟན་འཇགས་དང་བདེ་འཇགས་ཆུ་ཚད་མཐོར་འདེགས་སུ་གཏོང་བར་འཐད་པ་བྱུང་བར་མ་ཟད། ཨུ་རུ་སི་ཕྱོགས་ཀྱིས་རོགས་འདེགས་བྱས་འོག ཨ་སེ་པད་ཅང་དང་ཡ་མེ་ནི་ཡ་རྒྱལ་ཁབ་གཉིས་ཀྱི་རྒྱལ་མཚམས་བཀར་ཏེ་འབྲེལ་ཡོད་ཨུ་ཡོན་ལྷན་ཁང་བཙུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།