ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་པཱ་ཞི་ཡིས་ཞིང་ལས་མཉམ་ལས་ལ་བརྟེན་ནས་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་པར་རོགས་འདེགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-11-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པཱ་ཞི་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་དབྱང་ཝན་མེན་གྱིས་ཉེ་སྔོན་དྲ་ཐོག་ནས་སྤེལ་བའི་ཀྲུང་གོ་དང་པཱ་ཞིའི་སྐྱེ་དངོས་ལག་རྩལ་དང་ཞིང་ལས། རྒྱུན་མཐུད་འཕེལ་རྒྱས་ཀྱི་གླེང་སྟེགས་སྟེང་ཞུ་ཚིག་ཕུལ་ཏེ། ཞིང་ལས་དེ་ལྷད་མེད་ཐན་ཉུང་གི་འཕེལ་རྒྱས་ལ་འབྲེལ་བ་དམ་ཟབ་ཡོད་པའི་ལས་རིགས་ཤིག་ཡིན་པའི་ཆ་ནས། ཀྲུང་གོ་དང་པཱ་ཞི་ཕྱོགས་གཉིས་ཀྱིས་དངོས་གཉེར་མཉམ་ལས་དེ་ཕན་ནུས་ལྡན་པའི་སྒོ་ནས་བདེ་འཇགས་དང་ཐོན་ཁུངས་གྲོན་ཆུང་། ཁོར་ཡུག་མཛའ་མཐུན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་སུ་སོང་ནས། ལག་རྡང་སྦྲེལ་ཏེ་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར། 

དབྱང་ཝན་མེན་གྱིས་བསྟན་དོན། ཀྲུང་གོ་དང་པཱ་ཞི་ནི་ཞིང་ལས་རྒྱལ་ཁབ་ཆེན་མོ་ཡིན་པའི་ཆ་ནས། ཕྱོགས་གཉིས་ཀྱི་ཞིང་ལས་མཉམ་ལས་ཀྱིས་ཕན་ཚུན་གྱི་ཁྱད་སྟོབས་ཁ་གསབ་བྱེད་པ་ནི་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཁྲོད་ཆེས་ནན་ཏན་དང་ཆེས་གསོན་ཤུགས་ལྡན་པའི་ཁྱབ་ཁོངས་ཤིག་ཡིན། ལག་རྩལ་གསར་བ་དང་འདུ་ཤེས་གསར་བས་ཇི་ལྟར་དུས་རབས་གསར་བའི་ཀྲུང་གོ་དང་པཱ་ཞིའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་ནི་ཞིབ་ཏུ་གྲོས་བསྡུར་བྱེད་རིན་ཡོད་པའི་གྲོས་གཞི་གཙོ་བོ་ཞིག་རེད། དེས་འདེབས་འཛུགས་གསར་སྤེལ་དང་ཐན་ཉུང་ཞིང་ལས། ལྷད་མེད་དངུལ་ལོར། རིག་ནུས་ཞིང་ལས་སོགས་ཁྱབ་ཁོངས་སུ་འཕེལ་རྒྱས་སོང་སྟེ། ཀྲུང་གོ་དང་པཱ་ཞི་ཕྱོགས་གཉིས་ཀྱི་སྐྱེ་དངོས་ལག་རྩལ་དང་ཞིང་ལས། རྒྱུན་མཐུད་འཕེལ་རྒྱས་ཀྱི་མཉམ་ལས་མདུན་ལྗོངས་ལ་དབྱེ་ཞིབ་བྱས་ཡོད་ཟེར། 

པཱ་ཞིའི་ཞིང་ལས་པུའུ་ཡི་པུའུ་ཀྲང་གཞོན་པ་ཧྥེ་ཨར་ནན་ཏའོ་ཁཱ་མཱ་ཀི་ཡིས་བསྟན་དོན། སྐྱེ་དངོས་ལག་རྩལ་དང་ཞིང་ལས། རྒྱུན་མཐུད་འཕེལ་རྒྱས་བཅས་ཀྱི་ཐད་པཱ་ཞི་དང་ཀྲུང་གོའི་ལྟ་ཚུལ་གཅིག་གྱུར་ཡིན་པ་དང་། ཀྲུང་གོའི་མཉམ་ལས་གྲོགས་པོས་པཱ་ཞིའི་འཛམ་གླིང་ཧྲིལ་བོ་ཅན་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་གསར་གཏོད་ནུས་པ་ལྡན་པའི་ཞིང་ལས་ཁེ་ལས་ལ་རེ་བཞག་ཆེན་པོ་བྱས་ཡོད་པས། ཕྱོགས་གཉིས་ཀྱིས་ཞིང་ལས་ཁྱབ་ཁོངས་ཀྱི་རོགས་ལས་མཉམ་ལས་ལ་ཤུགས་སྣོན་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།