ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཕྱོགས་ཁག་སོ་སོར་ཁོ་ལོམ་པུ་ཡཱའི་ཞི་བདེའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་འོས་འགན་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-11-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁོ་ལོམ་པུ་ཡཱ་རུ་འཚམས་འདྲི་བྱེད་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་ཉེར་བཞིའི་ཉིན་བསྟན་དོན། ཁོ་ལོམ་པུ་ཡཱའི་སྲིད་གཞུང་དང་བཅས་པའི་ཕྱོགས་སོ་སོར་ཁོ་ལོམ་པུ་ཡཱའི་སྲིད་གཞུང་དང་སྔོན་ཆད་ཀྱི་དྲག་ཆས་རྩ་འཛུགས་ཁོ་ལོམ་པུ་ཡཱའི་གསར་བརྗེའི་དྲག་ཆས་སྟོབས་ཤུགས་ཀྱིས་བཀོད་པའི་ཞི་བདེའི་གྲོས་མཐུན་ལ་སྐུལ་འདེད་གཏོང་བའི་འོས་འགན་ཡོད་པ་དང་། གྲོས་མཐུན་དེ་རྒྱལ་སྤྱིའི་སྤྱི་ཚོགས་ལ་བློ་སྒོ་འབྱེད་པའི་དོན་སྙིང་ལྡན་ཟེར། 

ཉིན་དེར་ཁོ་ལོམ་པུ་ཡཱའི་རྒྱལ་ས་པོ་ཀི་ཏཱ་ནས་སྤེལ་བའི་ཞི་བདེའི་གྲོས་མཐུན་བཀོད་ནས་ལོ་ལྔ་འགོར་བའི་རྗེས་དྲན་མཛད་སྒོའི་སྟེང་ཀུའུ་ཐི་ལོས་སི་ཡིས་བསྟན་དོན། ལོ་ངོ་ལྔ་བཅུ་ལྷག་གི་འཁྲུག་རྩོད་བརྒྱུད། ཕྱོགས་སོ་སོས་ཞི་བདེའི་འཕེལ་རིམ་བདེ་བླག་ངང་དངོས་འབེབ་བྱེད་པར་འགན་སྲུང་བྱེད་དགོས། ཁོ་ལོམ་པུ་ཡཱ་ཡིས་འཛམ་གླིང་ལ་ཞི་བདེའི་གནད་དོན་ཐད་སྟོབས་ཤུགས་འབུལ་བའི་དུས་ལ་བབས་པའི་བརྡ་གསལ་བོར་བཏང་ཡོད་ཟེར། 

ཀུའུ་ཐི་ལོས་སི་ཡིས་ཀྱང་ཁོ་ལོམ་པུ་ཡཱ་ཡིས་ཞི་བདེའི་གྲོས་མཐུན་དངོས་འབེབ་བྱེད་པའི་འཕེལ་རིམ་ཁྲོད་བྱུང་བའི་ཉེན་ཁ་སྟེ། དྲག་ཆས་རྩ་འཛུགས་ཞུགས་པའི་དུག་རྫས་ལྐོག་འཚོང་དང་དྲག་ཤུགས་བྱ་སྤྱོད་སྤེལ་ནས། བུད་མེད་དང་བྱིས་པ། གཞིས་སྡོད་ཚོ་ཁག་བཅས་ལ་དྲག་ཤུགས་བྱ་སྤྱོད་སྤེལ་བ་སོགས་གསལ་བོར་བསྟན། 

ཁོ་ལོམ་པུ་ཡཱའི་ཙུང་ཐུང་ཏུའུ་ཁི་དང་སྔོན་ཆད་ཀྱི་ཙུང་ཐུང་སིང་ཐའོ་སི། མང་ཚོགས་ཀྱི་གསར་བརྗེའི་ཚབས་བྱེད་སྟོབས་ཤུགས་ཏང་གི་ཀྲུའུ་ཞི་ལུང་ཏའོ་ནེ་ཨོ་སོགས་བྱ་འགུལ་ལ་ཞུགས་ཏེ་ཞུ་ཚིག་ཕུལ། 

ཏུའུ་ཁི་དང་ཀུའུ་ཐི་ལོས་སི་ཡིས་དེའི་རྗེས་སུ་གྲོས་མོལ་བྱས། ཏུའུ་ཁི་ཡིས་བསྟན་དོན། ཁོ་ལོམ་པུ་ཡཱའི་སྲིད་གཞུང་གིས་རང་གི་མངའ་ཁོངས་སུ་སྔར་བཞིན་ཁྲིམས་འགལ་བྱ་འགུལ་སྤེལ་བ་དང་། མི་དམངས་ཀྱི་བདེ་འཇགས་ལ་གནོད་པ་གཏོང་བའི་དྲག་ཆས་རྩ་འཛུགས་བར་འཐབ་རྩོད་བྱེད་བཞིན་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།