པུ་ཁི་ནཱ་ཧྥ་སོའི་བྱང་ཕྱོགས་ས་ཁུལ་དུ་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་ཉི་ཤུ་ཙམ་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  པུ་ཁི་ནཱ་ཧྥ་སོའི་སྲིད་གཞུང་གི་མགྲིན་ཚབ་པ་ཐན་པུའུ་ལཱ་ཡིས་ཚེས་ཉེར་གཉིས་ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་བྱང་ཕྱོགས་ཀྱི་སིང་མཱ་ཐིན་ཅཱ་ཞིང་ཆེན་དུ་ཉེ་སྔོན་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། མི་ཉི་ཤུ་ཙམ་རྐྱེན་ལམ་དུ་ཤོར། 

ཐན་པུའུ་ལཱ་ཡིས་བཤད་རྒྱུར། དམག་དཔུང་ཞིག་ལ་ཚེས་ཉེར་གཅིག་ཉིན་གྱི་དགོང་མོར་སིང་མཱ་ཐིན་ཅཱ་ཞིང་ཆེན་དུ་ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་པའི་འཇབ་རྒོལ་ཐེབས་ནས། དམག་མི་དགུ་དང་མི་སེར་དཀྱུས་མ་བཅུར་རྐྱེན་ལམ་དུ་ཤོར། མིག་སྔར་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁྱབ་བསྒྲགས་བྱས་མེད། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།