ཧྥ་རན་སེའི་ཙུང་ལི་ཁཱ་སི་ཐའེ་ལ་པྲོག་གསར་གློ་ཚད་ཀྱི་ནད་དུག་བརྟག་དཔྱད་བྱས་པའི་མཇུག་འབྲས་གདགས་གཤིས་མངོན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས22ཉིན། ཧྥ་རན་སེའི་སྨྱན་བྱད་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཉིན་དེར་ཧྥ་རན་སེའི་ཙུང་ལི་ཁཱ་སི་ཐའེ་ལ་པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་དུག་བརྟག་དཔྱད་བྱས་པའི་མཇུག་འབྲས་གདགས་གཤིས་མངོན་པ་རེད། 

ཧྥ་རན་སེ་སྨྱན་བྱད་ཀྱིས་ཉིན་དེའི་དགོང་མོར་ཙུང་ལི་གཞིས་ཤག་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། ཁཱ་སི་ཐའེ་ལ་པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་དུག་བརྟག་དཔྱད་བྱས་པའི་མཇུག་འབྲས་གདགས་གཤིས་མངོན་ཞིང་།  ཁཱ་སི་ཐའེ་ཡིས་ཉིན10རིང་གི་ལོགས་བཀར་དུས་ཚོད་ནང་མུ་མཐུད་དུ་བྱ་བ་སྒྲུབ་རྒྱུའི་བཀོད་སྒྲིག་བྱས་ཡོད་ཟེར། 

ཧྥ་རན་སེའི་ཙུང་ལི་གཞིས་ཤག་གིས་ཉིན་དེར་ཁཱ་སི་ཐའེ་ཡི་བུ་མོ་ལའང་པྲོག་གསར་གློ་ཚད་ནད་དུག་གི་དཔྱད་འབྲས་གདགས་གཤིས་མངོན་ཡོད་སྟབས། འབྲེལ་འདྲིས་ཟབ་མོ་ཡོད་མཁན་ཁཱ་སི་ཐའེ་ལོགས་སུ་བཀར་དགོས་པ་མ་ཟད། པྲོག་གསར་གློ་ཚད་ཀྱི་ནད་དུག་བགོས་ཡོད་མེད་ལ་ཞིབ་དཔྱད་ཚད་ལེན་བྱ་དགོས་ཟེེར། 

གསར་འགྱུར་ལྟར་ན། ཁཱ་སི་ཐའེ་ཡིས་པྲོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ཐེངས་གཉིས་བརྒྱབ་ཟིན་ནའང་ཐེངས་དེའི་བརྟག་དཔྱད་མཇུག་འབྲས་གདགས་གཤིས་མངོན་ཡོད་པ་རེད།

ཧྥ་རན་སེའི་སྤྱི་བའི་འཕྲོད་བསྟེན་ལས་ཁུངས་ཀྱིས་ཚེས22ཉིན་བསྒྲགས་པའི་གཞི་གྲངས་ལྟར་ན། རྒྱལ་ཁབ་དེར་འདས་པའི་དུས་ཚོད24རིང་པྲོག་གསར་གློ་ཚད་ཀྱི་ནད་རྟགས་ཐག་བཅད་པའི་ནད་པ5266ཇེ་མང་དུ་སོང་སྟེ། བསྡོམས་པས་ནད་པ7420237ལ་སླེབས་པ་དང་། ཚེ་འདས་ནད་པ94ཇེ་མང་དུ་སོང་ནས་བསྡོམས་པས་ཚེ་འདས་ནད་པ118555ལ་སླེབས་འདུག །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།