ཨོ་སི་ཁྲུ་རི་ཡས་ཡང་བསྐྱར“གྲོང་ཁྱེར་བཀག་སྡོམ”བྱས་པ།

པར་འདི་ནི་ཟླ11པའི་ཚེས22ཉིན་ཨོ་སི་ཁྲུ་རི་ཡའི་རྒྱལ་ས་ཝི་ཨེན་ན་རུ་བླངས་པའི་ཁྲོམ་སྲང་གི་རྣམ་པ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས22ཉིན་ནས་ཨོ་སི་ཁྲུ་རི་ཡ་རྒྱལ་ཁབ་ཡོངས་སུ“གྲོང་ཁྱེར་བཀག་སྡོམ”བྱས་ཏེ། ལས་ཀར་ཞུགས་པའམ་ཉིན་རྒྱུན་གྱི་འཚོ་བའི་ཡོ་བྱད་ཉོ་རུ་འགྲོ་བ། ལས་ཕུང་སྦྱོང་བརྡར་བྱེད་པ་བཅས་ལས་གཞན་ཕྱི་རུ་འགྲོ་མི་ཆོག་པ་རེད།  དེ་བས། ཚོང་ཁང་དང་ཟློས་གར་ཁང་། སྐྲ་བཞར་ཁང་། ཁྲོམ་ར་བཅས་མང་ཆེ་བའིི་སྒོ་བརྒྱབ་ཡོད་ལ། ཟ་ཁང་དང་ཁོ་ཧྥེ་ཁང་དུ་ཟ་མ་བཟའ་མི་ཆོག་ཅིང་། སྲིད་གཞུང་གིས་སློབ་གྲྭ་རྣམས་སློབ་མཚམས་མི་འཇོག་པར་སློབ་མ་རྣམས་རང་ཡུལ་ནས་དྲ་སྟེང་དུ་སློབ་ཁྲིད་ལ་ཞུགས་དགོས་པའི་བླང་བྱ་བཏོན། །

པར་འདི་ནི་ཟླ11པའི་ཚེས22ཉིན་ཨོ་སི་ཁྲུ་རི་ཡའི་རྒྱལ་ས་ཝི་ཨེན་ན་རུ་པར་བླངས་པའི་ཚོང་ཁང་སྒོ་བརྒྱབ་ཡོད་པའི་རྣམ་པ་རེད།

པར་འདི་ནི་ཟླ11པའི་ཚེས22ཉིན་ཨོ་སི་ཁྲུ་རི་ཡའི་རྒྱལ་ས་ཝི་ཨེན་ན་རུ་པར་བླངས་པའི་ཁོ་ཧྥེ་ཁང་ཞིག་གི་རྣམ་པ་རེད།

པར་འདི་ནི་ཟླ11པའི་ཚེས22ཉིན་ཨོ་སི་ཁྲུ་རི་ཡའི་རྒྱལ་ས་ཝི་ཨེན་ན་རུ་པར་བླངས་པའི་ཁྲོམ་སྲང་གི་རྣམ་པ་རེད།

པར་འདི་ནི་ཟླ11པའི་ཚེས22ཉིན་མི་རྣམས་ཨོ་སི་ཁྲུ་རི་ཡའི་རྒྱལ་ས་ཝི་ཨེན་ནའི་ཁྲོམ་སྲང་ཞིག་ཏུ་འགྲོ་བཞིན་པའི་རྣམ་པ་རེད།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།