ཀྲུང་གོ་བོད་ཀྱི་དྲ་བ།

ལི་པི་ཡའི་ནུབ་ཕྱོགས་མཚོ་ཁོངས་སུ་མཚོ་གྲུ་ནུབ་པ་ལས་ལྐོག་བརྒལ་མི་སྣ75ལྷག་གི་ཚེ་སྲོག་ཤོར་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-11-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས20ཉིན། རྒྱལ་སྤྱིའི་གནས་སྤོ་ཡུལ་མི་རྩ་འཛུགས་ཀྱིས་ཨོ་གླིང་ལ་ལྐོག་བརྒལ་མཁན་མི75ལྷག་ལི་པི་ཡའི་ནུབ་ཕྱོགས་མཚོ་ཁོངས་སུ་མཚོ་གྲུ་ནུབ་པ་ལས་ཚེ་སྲོག་ཤོར་ཞེས་བཤད། 

རྒྱལ་སྤྱིའི་གནས་སྤོ་ཡུལ་མི་རྩ་འཛུགས་ཀྱིས་ཉིན་དེར་སྨྱན་བྱད་བརྒྱུད་ནས་བཤད་རྒྱུར། ཚེས17ཉིན། ལྐོག་བརྒལ་བྱས་པའི་མི་དེ་རྣམས་ལི་པི་ཡ་ནས་ཨོ་གླིང་དུ་བསྐྱོད་སྐབས་མཚོ་གྲུ་ནུབ་པའི་དོན་རྐྱེན་ལས་ཚེ་ལས་འདས་ཤིང་། གཞན་མི15ལ་ཉ་བས་བསྐྱབས་ཏེ་ལི་པི་ཡའི་ནུབ་ཕྱོགས་གྲོང་ཁྱེར་ཙུའུ་ཝ་ལཱ་རུ་བསྐྱལ་ཡོད།

རྒྱལ་སྤྱིའི་གནས་སྤོ་ཡུལ་མི་རྩ་འཛུགས་ཀྱིས་བསྟན་དོན། ཐེངས་འདིིའི་དོན་རྐྱེན་ཚུད་ད་ལོར་ཏི་ཀྲུང་ཧེ་རྒྱ་མཚོ་རུ་ལྐོག་བརྒལ་མཁན་མི1300ལྷག་གི་ཚེ་སྲོག་ཤོར། 

2011ལོའི་ཚུན་དུ། ལི་པི་ཡའི་ཆབ་སྲིད་གནས་བབ་ལ་གཡོ་འགུལ་བྱུང་ཞིང་། སྲིད་གཞུང་གིས་ནུས་ཡོད་སྒོས་རྒྱ་མཚོ་འགྲམ་རྒྱུད་དང་སྐམ་སའི་མཐའ་མཚམས་ལ་དོ་དམ་ཚོད་འཛིན་བྱེད་ཐབས་བྲལ་བས། རྒྱལ་ཁབ་གཞན་པའི་ཁྲིམས་འགལ་གྱི་གནས་སྤོ་ཡུལ་མི་མང་པོ་ཞིག་ལི་པི་ཡ་རུ་སླེབས་པ་མ་ཟད། ལི་པི་ཡ་ནས་ཏི་ཀྲུང་ཧེ་རྒྱ་མཚོ་བརྒྱུད་དེ་ཨོ་གླིང་གི་རྒྱལ་ཁབ་ཏུ་ལྐོག་བརྒལ་བྱས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།