ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་ཡུལ་གྱར་བའི་ཉམས་ཉེན་ཐག་གཅོད་བྱེད་པར་ཨུ་རུ་སི་དཀར་པོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཐད་ཀར་གྲོས་མོལ་བྱེད་དགོས་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-11-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཚེས་བཅུ་དགུ་ཉིན་བསྟན་དོན། ཨུ་རུ་སི་དཀར་པོ་དང་ཕོ་ལན་གྱི་མཐའ་མཚམས་ས་ཁུལ་གྱི་ཡུལ་གྱར་བའི་གནད་དོན་ཐག་གཅོད་བྱེད་པར། ཨུ་རུ་སི་དཀར་པོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཐད་ཀར་གྲོས་མོལ་བྱེད་དགོས་ཟེར། 

ཕའེ་སི་ཁི་ཧྥུའུ་ཡིས་བཤད་རྒྱུར། མཐའ་མཚམས་ཀྱི་ཡུལ་གྱར་བའི་ཉམས་ཉེན་ཐག་གཅོད་བྱེད་པར་དུས་ཚོད་ངེས་ཅན་དགོས་པ་དང་། མིག་སྔར་ད་རུང་ཐག་གཅོད་བྱེད་ཐབས་རྙེད་མེད་ཀྱང་། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁིའི་བར་བརྗེ་རེས་གྲོས་མོལ་བྱས་པ་ཙམ་གྱིས་མི་འདང་བར་ལུའུ་ཁཱ་ཧྲིན་ཁི་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་འཐུས་མིས་ཐད་ཀར་དུ་གྲོས་མོལ་བྱེད་རྒྱུ་གལ་འགངས་ཧ་ཅང་ཆེ་ཟེར། 

ཕའེ་སི་ཁི་ཧྥུའུ་ཡིས་བཤད་རྒྱུར། ཕུའུ་ཅིན་དང་ལུའུ་ཁཱ་ཧྲིན་ཁི་ཡིས་ཉིན་དེར་ཡང་བསྐྱར་ཁ་པར་གྲོས་མོལ་བྱས་ཏེ། ཨུ་རུ་སི་དཀར་པོ་དང་ཕོ་ལན་སོགས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་མཐའ་མཚམས་ཀྱི་ཡུལ་གྱར་བའི་གནད་དོན་ལ་གྲོས་བསྡུར་བྱས། ཕྱོགས་གཉིས་ཀྱིས་ཕོ་ལན་མཐའ་སྲུང་དམག་དཔུང་གིས་ཡུལ་གྱར་བར་དྲག་ཤུགས་བྱེད་ཐབས་སྤྱོད་པ་སོགས་ལ་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་པའི་ཚུལ་བསྟན། 

གཞན་ཡང་ཁི་ལི་མུའུ་ལིན་ཕོ་བྲང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ལུའུ་ཁཱ་ཧྲིན་ཁི་ཡིས་ཕུའུ་ཅིན་དང་ཁ་པར་གྲོས་མོལ་བྱེད་སྐབས་ཨུ་རུ་སི་དཀར་པོས་ཉམས་ཉེན་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱེད་པ་དང་། ཡུལ་གྱར་བར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་པའི་ཐད་སྤྱད་པའི་བྱེད་ཐབས་དང་། ཉེ་སྔོན་ལུའུ་ཁཱ་ཧྲིན་ཁི་དང་འཇར་མན་གྱི་ལྟ་སྐྱོང་སྲིད་གཞུང་གི་ཙུང་ལི་མའོ་ཁི་ཨར་གྱིས་ཁ་པར་གཏོང་སྐབས་ཀྱི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས། ཕུའུ་ཅིན་དང་ལུའུ་ཁཱ་ཧྲིན་ཁི་གཉིས་ཀྱིས་གཅིག་གྱུར་སྒོས་བལྟས་ན། ཨུ་རུ་སི་དཀར་པོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕན་ཚན་རོགས་ལས་དེ་ཉམས་ཉེན་ཐག་གཅོད་བྱེད་པར་གལ་འགངས་ཧ་ཅང་ཆེ་བར་འདོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།