ཀྲུང་གོ་དང་ཨུ་རུ་སིའི་དམག་དཔུང་གིས་ཉིས་སྟོང་ཉེར་གཅིག་ལོའི་མཉམ་འབྲེལ་གྱི་བར་སྣང་འཐབ་ཇུས་སྐོར་གཡེང་བྱ་འགུལ་རྩ་འཛུགས་ལག་བསྟར་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲུང་པུའུ་དང་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་སྲུང་པུའུ་ཡིས་མཉམ་དུ་ཁྱབ་བསྒྲགས་བྱས་དོན། ཟླ་བཅུ་གཅིག་པའི་ཚེས་བཅུ་དགུ་ཉིན། ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་མཁའ་དམག་གིས་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དུ་མཉམ་འབྲེལ་གྱི་བར་སྣང་འཐབ་ཇུས་སྐོར་གཡེང་བྱ་འགུལ་རྩ་འཛུགས་ལག་བསྟར་བྱས་ཟེར། ཀྲུང་གོའི་ཕྱོགས་ཀྱིས་འགས་གཏོར་གནམ་གྲུ་གཉིས་མངག་ནས་ཨུ་རུ་སིའི་གནམ་གྲུ་གཉིས་དང་ལྷན་དུ་མཉམ་འབྲེལ་རུ་དཔུང་བསྒྲིགས་ཏེ། འཇར་མན་གྱི་མཚོ་ཁོངས་དང་ཤར་ཕྱོགས་མཚོ་ཁོངས་ཀྱི་འབྲེལ་ཡོད་མཁའ་ཁོངས་སུ་མཉམ་འབྲེལ་སྐོར་གཡེང་བྱ་འགུལ་སྤེལ། འཕུར་སྐྱོད་བྱེད་སྐབས་རྒྱལ་ཁབ་གཉིས་ཀྱི་མཁའ་དམག་གི་གནམ་གྲུས་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འཁེལ་བརྩི་སྲུང་བྱས་ཡོད་པ་དང་། རྒྱལ་ཁབ་གཞན་པའི་མཁའ་ཁོངས་སུ་འཕུར་མེད། 

དེ་ནི་ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གིས་སྤེལ་བའི་མཉམ་འབྲེལ་གྱི་བར་སྣང་འཐབ་ཇས་སྐོར་གཡེང་ཐེངས་གསུམ་པ་ཡིན་པ་དང་། དམིགས་ཡུལ་ནི་སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོ་དང་ཨུ་རུ་སིའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ལས་འབྲེལ་བ་འཕེལ་རྒྱས་སུ་བཏང་སྟེ། ཕྱོགས་གཉིས་ཀྱི་འཐབ་ཇུས་རོགས་ལས་ཆུ་ཚད་དང་མཉམ་འབྲེལ་འགུལ་སྐྱོད་སྤེལ་བའི་ནུས་པ་ཇེ་ཆེར་བཏང་ནས། མཉམ་དུ་འཛམ་གླིང་ཡོངས་ཀྱི་འཐབ་ཇུས་གཏན་འཇགས་ལ་སྲུང་སྐྱོབ་བྱེད་ཆེད་རེད། ཐེངས་འདིའི་འགུལ་སྐྱོད་ནི་ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གིས་མཉམ་འབྲེལ་འཆར་གཞིའི་ནང་གི་རྣམ་གྲངས་ཡིན་པ་ལས་རྒྱལ་ཁབ་གཞན་པ་གང་རུང་ལ་དམིགས་པ་མ་ཡིན། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།