ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བ་དེ་ལོ་རྒྱུས་ཀྱི་ཆེས་མཐོ་བའི་ཆུ་ཚད་དུ་བསླེབ་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-11-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅོ་བརྒྱད་ཉིན་ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་ལས་དོན་བྱ་བའི་རྒྱ་བསྐྱེད་གྲོས་ཚོགས་སྟེང་བསྟན་དོན། ཨུ་རུ་སི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ལོ་རྒྱུས་ཀྱི་ཆེས་མཐོ་བའི་ཆུ་ཚད་དུ་བསླེབ་ཡོད་ཟེར། 

ཕུའུ་ཅིན་གྱིས་བསྟན་དོན། ཨུ་རུ་སི་དང་ཀྲུང་གོའི་ཕྱོགས་གཉིས་ཀྱི་འབྲེལ་བ་དེ་ལོ་རྒྱུས་ཀྱི་ཆེས་མཐོའི་ཆུ་ཚད་དུ་བསླེབས་ཡོད་པ་དང་། དུས་རབས་ཉེར་གཅིག་པའི་རྒྱལ་ཁབ་བར་གྱི་འབྲེལ་བའི་དཔེ་སྟོན་དུ་གྱུར་ཡོད། ཁོས་ནན་གྱིས་བསྟན་དོན། ཨུ་རུ་སི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་ནུབ་ཕྱོགས་ཀྱི་དཀྲུག་འཕེན་བྱ་སྤྱོད་སྣང་མེད་དུ་བསྐྱུར་ནས། མུ་མཐུད་དུ་ཕྱོགས་གཉིས་ཀྱི་ཆབ་སྲིད་དང་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་དགོས་པར་མ་ཟད། རྒྱལ་སྤྱིའི་གར་སྟེགས་སུ་ཧུར་ཐག་སྒོས་ལངས་ཕྱོགས་མཐུན་སྦྱོར་བྱེད་དགོས་ཟེར། 

ཕུའུ་ཅིན་གྱིས་ད་རུང་བསྟན་དོན། ཨུ་རུ་སི་ཡིས་རྒྱལ་ཁབ་དང་ས་ཁུལ་གྱི་གྲོགས་པོ་སོ་སོའི་བར་གཉིས་ཕན་དང་འཛུགས་སྐྲུན་རང་བཞིན་ལྡན་པའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་འབད་འབུངས་བྱེད་བཞིན་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མདུན་དུ་ལྷགས་པའི་ཐུན་མོང་གི་འགྲན་རྩོད་དང་འཇིགས་ཉེན་ཐག་གཅོད་གང་ལེགས་བྱེད་དགོས་པར་མ་ཟད། ཨུ་རུ་སིའི་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་གནད་དོན་ཐག་གཅོད་བྱེད་པའི་ཁྲོད་ཀྱི་གནད་འགག་གི་ནུས་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།