ཀྲུང་གོ་བོད་ཀྱི་དྲ་བ།

སུའུ་ཏན་གྱིས་རིམ་བཞིན་རང་མངའ་ཁོངས་ཀྱི་མཉམ་འབྲེལ་དྲ་རྒྱའི་འཕྲིན་གཏོང་ཞབས་ཞུ་སླར་གསོ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-11-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སུའུ་ཏན་འཕྲིན་གཏོང་ཁང་གིས་ཚེས་བཅོ་བརྒྱད་ཉིན་བསྒྲགས་པ་ལྟར་ན། སུའུ་ཏན་གྱིས་ཉིན་དེ་ནས་བཟུང་རིམ་བཞིན་རང་མངའ་ཁོངས་ཀྱི་མཉམ་འབྲེལ་དྲ་རྒྱའི་འཕྲིན་གཏོང་ཞབས་ཞུ་སླར་གསོ་བྱས་ཡོད་ཟེར། 

གནས་ཚུལ་ཤེས་མཁན་གྱིས་བཤད་རྒྱུར། སུའུ་ཏན་གྱིས་ཚེས་བཅོ་བརྒྱད་ཉིན་ནས་བཟུང་རང་མངའ་ཁོངས་ཀྱི་འཕྲིན་གཏོང་ཀུང་ཟིས་རིམ་བཞིན་མཉམ་འབྲེལ་འཕྲིན་གཏོང་ཞབས་ཞུ་སླར་གསོ་བྱས་ཡོད་ཟེར། 

ཟླ་བཅུ་བའི་ཚེས་ཉེར་ལྔ་ཉིན། སུའུ་ཏན་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱི་པུའུ་ཨར་ཧན་གྱིས་རྒྱལ་ཁབ་ཀྱིས་དོགས་ཟོན་མཐོར་འདེགས་བྱེད་རྒྱུ་དང་། བདག་དབང་ཨུ་ཡོན་ལྷན་ཁང་དང་བར་བརྒལ་སྲིད་གཞུང་གཏོར་རྒྱུ་ཁྱབ་བསྒྲགས་བྱས། ཉིན་དེར་སུའུ་ཏན་མངའ་ཁོངས་ཀྱི་མཉམ་འབྲེལ་དྲ་བ་དང་ཁ་པར་འཕྲིན་གཏོང་ཞབས་ཞུ་མང་ཆེ་བ་མཚམས་བཅད་པ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།