ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་བདེ་འཇགས་གྲོས་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ནུབ་ཕྱོགས་སྟོབས་ཤུགས་ཀྱིས་སྒེར་ཚུགས་མཉམ་འབྲེལ་ཚོགས་པའི་ས་ཁུལ་བཅའ་སྡོད་བཀོད་སྒྲིག་ལ་ཤུགས་སྣོན་བྱེད་པའི་གཡོ་ཇུས་ལ་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-11-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་གྲོས་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕཱ་ཐི་ལུའུ་ཧྲི་ཧྥུའུ་ཡིས་ཚེས་བཅུ་བདུན་ཉིན་མའོ་སི་ཁི་ནས་བསྟན་དོན། སྒེར་ཚུགས་མཉམ་འབྲེལ་ཚོགས་པའི་ཁོངས་གཏོགས་རྒྱལ་ཁབ་དག་གིས་མཉམ་དུ་བྱེད་ཐབས་སྤྱད་དེ། ཨ་མེ་རི་ཁ་སོགས་ནུབ་ཕྱོགས་སྟོབས་ཤུགས་ཀྱིས་ཨ་ཧྥུའུ་ཧན་གྱི་གནས་བབ་ཇེ་སྡུག་ཏུ་སོང་བར་ཁ་གཡར་ནས་སྒེར་ཚུགས་མཉམ་འབྲེལ་ཚོགས་པའི་ས་ཁུལ་དུ་བཅའ་སྡོད་བཀོད་སྒྲིག་ལ་ཤུགས་སྣོན་བྱེད་པའི་གཡོ་ཇུས་ལ་བཀག་འགོག་བྱེད་དགོས་ཟེར། 

ཕཱ་ཐི་ལུའུ་ཧྲི་ཧྥུའུ་ཡིས་ཉིན་དེར་མའོ་སི་ཁི་ནས་སྤེལ་བའི་སྒེར་ཚུགས་མཉམ་འབྲེལ་ཚོགས་པའི་རྒྱལ་ཁབ་བདེ་འཇགས་གྲོས་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་ལོ་ཚོགས་སྟེང་བཤད་རྒྱུར། ཨ་ཧྥུའུ་ཧན་དེ་ཡང་བསྐྱར་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ས་ཁོངས་ཆབ་སྲིད་ཀྱི་ཉེན་ཞིབ་གང་འདོད་དུ་སྤེལ་བའི་ཚོད་ལྟའི་ར་བར་འགྱུར་མི་རུང་ལ། ཕྱོགས་སོ་སོས་གནད་དོན་དེ་གསལ་བོ་བྱེད་པར་གལ་འགངས་ཧ་ཅང་ཆེ་ཟེར། 

ཕཱ་ཐི་ལུའུ་ཧྲི་ཧྥུའུ་ཡིས་བསྟན་དོན། མིག་སྔར་ཨ་མེ་རི་ཁ་དང་དེའི་མནའ་མཐུན་གྲོགས་པོས་ཨ་ཧྥུའུ་ཧན་གྱི་གནས་བབ་ཇེ་སྡུག་ཏུ་སོང་བར་ཁ་གཡར་ནས་ཨེ་ཤ་ཡཱ་དབུས་མའི་རྒྱལ་ཁབ་འདུས་པའི་སྒེར་ཚུགས་ཚོགས་པའི་ས་ཁུལ་གྱི་བཅའ་སྡོད་བཀོད་སྒྲིག་ལ་ཤུགས་སྣོན་བྱེད་རྩིས་ཡོད་ཟེར། 

ཉིན་དེར་སྤེལ་བའི་སྒེར་ཚུགས་མཉམ་འབྲེལ་ཚོགས་པའི་རྒྱལ་ཁབ་བདེ་འཇགས་གྲོས་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་ལོ་ཚོགས་སྟེང་། རྒྱལ་ཁབ་སོ་སོའི་འཐུས་མིས་ཨ་ཧྥུའུ་ཧན་གྱི་གནས་བབ་དང་གནས་སྤོར་སྡོད་དམངས། པྲོག་གསར་གློ་ཚད་རིམས་ནད་སོགས་གནད་དོན་ཐད་ནས་གྲོས་བསྡུར་བྱས། ཨུ་རུ་སི་དང་ཨུ་རུ་སི་དཀར་པོ། ཧཱ་སག་སི་ཐན་སོགས་རྒྱལ་ཁབ་ཀྱི་འཐུས་མི་དང་ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་གྲོས་ཚོགས་ལ་ཞུགས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།