ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་ཨུ་རུ་སི་ཕོ་ལན་དང་ཨུ་རུ་སི་དཀར་པོའི་མཐའ་མཚམས་ས་ཁུལ་གྱི་ཡུལ་གྱར་བའི་ཉམས་ཉེན་ལ་འབྲེལ་བ་ཅི་ཡང་མེད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-11-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅུ་བཞིའི་ཉིན་བསྟན་དོན། ཨུ་རུ་སི་མིག་སྔའི་ཕོ་ལན་དང་ཨུ་རུ་སི་དཀར་པོའི་མཐའ་མཚམས་ས་ཁུལ་གྱི་ཡུལ་གྱར་བའི་ཉམས་ཉེན་ལ་འབྲེལ་བ་སྤུ་ཙམ་ཡང་མེད་ཟེར། 

ཕུའུ་ཅིན་གྱིས་ཉིན་དེར་ཨུ་རུ་སིའི་བརྙན་འཕྲིན་ཁང་དང་པོ་ནས་བཏང་བའི་ལེ་ཚན་ཞིག་ཏུ་བཤད་རྒྱུར། ཨུ་རུ་སི་ཕོ་ལན་དང་ཨུ་རུ་སི་དཀར་པོའི་མཐའ་མཚམས་ས་ཁུལ་གྱི་ཡུལ་གྱར་བའི་ཉམས་ཉེན་ལ་འབྲེལ་བ་ཅི་ཡང་མེད་པ་དང་། ཨུ་རུ་སིར་སྐྱོན་འཛུགས་བྱེད་མཁན་གྱིས་དོན་དེ་ལ་བརྟེན་ནས་རང་གི་འགན་འཁྲི་གཞན་གྱིས་མགོར་བསྐོར་འདོད་པ་རེད་ཟེར། 

ཕུའུ་ཅིན་གྱིས་བཤད་རྒྱུར། ཁོས་སྨྱན་བྱད་བརྒྱུད་དེ་ཕོ་ལན་དང་ཨུ་རུ་སི་དཀར་པོའི་མཐའ་མཚམས་ས་ཁུལ་གྱི་ཡུལ་གྱར་བའི་ཉམས་ཉེན་ལ་རྒྱུས་ལོན་བྱུང་བ་ཡིན། དེའི་སྔོན་ཁོས་ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་དང་མཉམ་དུ་གནད་དོན་དེར་གྲོས་བསྡུར་བྱས་མྱོང་མེད། ཡུལ་གྱར་བའི་ཉམས་ཉེན་བྱུང་རྗེས། ཁོ་དང་ལུའུ་ཁཱ་ཧྲིན་ཁི་ཡིས་ཁ་པར་གྲོས་མོལ་ཐེངས་གཉིས་བྱས་མྱོང་ཟེར། 

ཉིན་དེའི་སྔ་དྲོར། དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ཐི་ལཱ་སི་ཡིས་ཨུ་རུ་སི་དཀར་པོའི་མཐའ་མཚམས་ས་ཁུལ་གྱི་ཡུལ་གྱར་བའི་ཉམས་ཉེན་ནི་སེམས་ཞིབ་མོས་ཇུས་འགོད་བྱས་པའི་ཉམས་ཉེན་ཞིག་རེད། དེའི་དམིགས་ཡུལ་ནི་ཨུ་རུ་སི་དཀར་པོའི་སྲིད་གཞུང་གི་འགྲོ་མིའི་ཐོབ་ཐང་དང་འགལ་བའི་བྱ་སྤྱོད་ཀྱི་དོ་སྣང་གི་ཚད་ལ་ཤུགས་རྐྱེན་ཐེབས་པར་བྱེད་པའི་ཆེད་རེད་ཟེར། ཐི་ལཱ་སི་ཡིས་བལྟས་ན་ཨུ་རུ་སིའི་ཕྱོགས་ཀྱིས་ཕོ་ལན་དང་ཨུ་རུ་སི་དཀར་པོའི་མཐའ་མཚམས་ས་ཁུལ་གྱི་ཡུལ་གྱར་བའི་ཉམས་ཉེན་ལ་འགན་ཁུར་དགོས་པར་འདོད། 

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧཱ་ལོ་ཝ་ཡིས་དོན་དེའི་ཐད་ནས་བཤད་རྒྱུར། དབྱིན་ཇི་ཡིས་དབྱི་རག་གི་ཡུལ་གྱར་བར་ལོ་རྒྱུས་ཀྱི་འགན་འཁྲི་ཁུར་ཡོད་པས། ཡུལ་གྱར་བའི་ཉམས་ཉེན་ཁྲོད་ཨུ་རུ་སི་ལ་སྐྱོན་འཛུགས་བྱེད་པའི་དབང་ཆ་མེད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།