ཀྲུང་གོ་བོད་ཀྱི་དྲ་བ།

ནེའུ་ཙེ་ལན་གྱི་ཙུང་ལི་ཡིས་ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་བྱས་ནས་པྲོག་གསར་གློ་ཚད་རིམས་ནད་ལས་རྣམ་པར་རྒྱལ་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-11-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ནེའུ་ཙེ་ལན་གྱི་ཙུང་ལི་ཨ་ཏི་ཨིན་གྱིས་ཚེས་བཅུ་གཉིས་ཉིན་བསྟན་དོན། ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་མཉམ་དུ་འབད་བརྩོན་བྱས་ན། ད་གཟོད་པྲོག་གསར་གློ་ཚད་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་ཟེར། 

ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་ཉེར་བརྒྱད་པ་བརྙན་རིས་ཀྱི་རྣམ་པས་སྤེལ། རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ནེའུ་ཙེ་ལན་གྱི་ཙུང་ལི་ཨ་ཏི་ཨིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་དང་གཏམ་བཤད་སྤེལ་སྐབས་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་འཛམ་གླིང་ཡོངས་སུ་མཆེད་པའི་གནས་ཚུལ་འོག དཔལ་འབྱོར་ཚོགས་པ་སོ་སོའི་ནང་ཁུལ་གྱི་རིམས་འགོག་གནས་བབ་ཅུང་མི་འདྲ་ཡང་། གནད་དོན་གཙོ་བོ་དེར་ངེས་པར་དུ་གདོང་གཏོད་དགོས་པ་དང་ཐག་གཅོད་བྱེད་དགོས་པ་གཅིག་འདྲ་ཡིན་ཟེར། 

ཨ་ཏི་ཨིན་གྱིས་ནན་གྱིས་བསྟན་དོན། ཕྱོགས་མང་བོའི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་མཉམ་དུ་འབད་བརྩོན་བྱས་ན། ད་གཟོད་པྲོག་གསར་གློ་ཚད་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་པ་དང་། མཉམ་ལས་བྱས་ཏེ་རིམས་འགོག་བྱས་ན་ཕྱོགས་སོ་སོར་ཁེ་ཕན་ཐོབ་ཐུབ་ཟེར། 

མ་འོངས་པའི་ཐད་ནས་ཨ་ཏི་ཨིན་གྱིས་བལྟས་ན། ས་ཁོངས་མཉམ་ལས་ལ་བརྟེན་ནས་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་པ་དང་། ལྷད་མེད་ཐོན་ལས་ཀྱི་འཕེལ་སྟངས་བསྒྱུར་བ་དང་གྲངས་ལྡན་ལག་རྩལ་གྱི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་ནི་གོ་སྐབས་གལ་ཆེན་ཞིག་ཡིན་ངེས་རེད་ཟེར། ཁོ་མོས་ད་རུང་ནན་གྱིས་བསྟན་དོན། སྔར་ལས་ལྷག་པའི་འགོག་སྨན་གྱི་སྲུང་སྐྱོབ་འོག དཔལ་འབྱོར་ཚོགས་པའི་བར་གྱི་ཕྱོགས་སོ་སོའི་མཉམ་ལས་ད་གཟོད་གཏིང་ཟབ་ཏུ་སྤེལ་ཐུབ་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།