ཀྲུང་གོ་བོད་ཀྱི་དྲ་བ།

ཨིག་ཀྭ་ཏོར་གྱི་བཙོན་ཁང་ཞིག་ཏུ་ཟིང་འཁྲུག་བྱུང་སྟེ་ཉུང་མཐར་ཡང་མི་ང་བརྒྱད་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-11-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨིག་ཀྭ་ཏོར་གྱི་བཙོན་ཁང་དོ་དམ་ཅུའུ་ཡིས་ཚེས་བཅུ་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། རྒྱལ་ཁབ་དེའི་བཙོན་ཁང་ཞིག་ཏུ་ཚེས་བཅུ་གཉིས་ཉིན་གྱི་དགོང་མོར་ཟིང་འཁྲུག་བྱུང་སྟེ། ཉུང་མཐར་ཡང་བཀག་འཇུག་བྱས་པའི་བཙོན་མ་ང་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་གཉིས་ལ་རྨས་ཕོག་ཡོད་ཟེར། 

ཨིག་ཀྭ་ཏོར་ཉེན་རྟོག་པའི་སྤྱི་ཁྱབ་དཔོན་པོ་པཱ་ལོས་ལཱ་ཡིས་ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོར་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཟིང་འཁྲུག་བྱུང་བའི་བཙོན་ཁང་དེ་ནུབ་ཕྱོགས་ཀྱི་བཀའ་ཡཱ་སི་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་བཀའ་ཡཱ་ཅི་ཨར་དུ་ཡོད། མིག་སྔར་ཉེན་རྟོག་ཕྱོགས་ཀྱིས་གནས་བབ་ལ་ཚོད་འཛིན་བྱུང་ཡོད་པ་དང་། ཟིང་འཁྲུག་དེ་ནི་བཙོན་མིའི་ཕྱོགས་ཁག་འཐབ་རྩོད་ལས་བྱུང་བ་རེད་ཟེར། 

ཨིག་ཀྭ་ཏོར་གྱི་བཙོན་ཁང་ཁོངས་གཏོགས་སུ་དུས་ཡུན་རིང་བོར་བཙོན་མའི་ཁ་གྲངས་ཚད་ལས་བརྒལ་བ་དང་གྲོན་དངུལ་མི་འདང་བ་སོགས་ཀྱི་གནད་དོན་བྱུང་ཡོད། ད་ལོའི་ཟླ་དགུ་བའི་ཚེས་ཉེར་བརྒྱད་ཉིན། བཀའ་ཡཱ་ཅི་ཨར་གྱི་བཙོན་ཁང་དེར་ཟིང་འཁྲུག་བྱུང་ནས། བཙོན་མ་བརྒྱ་དང་བཅུ་ལྷག་རྐྱེན་ལམ་དུ་ཤོར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།