ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་དང་མའོ་ཁི་ཨར་གྱིས་ཁ་པར་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-11-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅུ་ཉིན་དུས་བཅད་ལྟར་འཇར་མན་གྱི་ཙུང་ཐུང་མའོ་ཁི་ཨར་ལ་ཁ་པར་བཏང་། ཨུ་རུ་སི་དཀར་པོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་མཐའ་མཚམས་ཡུལ་གྱར་བའི་གནད་དོན་ལ་གྲོས་བསྡུར་བྱས། 

ཁི་ལི་མུའུ་ལིན་ཕོ་བྲང་གིས་ཉིན་དེར་སྤེལ་བའི་གསལ་སྒྲོག་ལས་བཤད་རྒྱུར། ཕུའུ་ཅིན་དང་མའོ་ཁི་ཨར་གྱིས་ཁ་པར་གཏོང་སྐབས་ཨུ་རུ་སི་དཀར་པོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་མཐའ་མཚམས་ཡུལ་གྱར་བའི་གནད་དོན་ལ་ཞིབ་ཏུ་གྲོས་བསྡུར་བྱས་པ་དང་། ཡུལ་གྱར་བའི་ཉམས་ཉེན་ལས་བྱུང་བའི་མི་ཆོས་རིང་ལུགས་ཀྱི་མཇུག་འབྲས་ལ་སེམས་ཁུར་བྱེད་པའི་ཚུལ་བསྟན་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཕུའུ་ཅིན་གྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དང་ཨུ་རུ་སི་དཀར་པོ་ཕྱོགས་གཉིས་ཀྱི་འཐུས་མིས་ཐད་ཀར་འབྲེལ་འདྲིས་བྱས་ཏེ་ད་ལྟའི་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུའི་གྲོས་གཞི་བཏོན། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་གནད་དོན་དེའི་ཐད་ནས་གྲོས་མོལ་བྱེད་རྒྱུའི་ཚུལ་བསྟན་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།