ཀྲུང་གོ་བོད་ཀྱི་དྲ་བ།

སུའུ་ཏན་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱི་ཡིས་རྒྱལ་ཁབ་དམངས་གཙོ་བར་བརྒལ་བྱ་རྒྱུའི་དམ་བཅའ་བཞག

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-11-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས7ཉིན། སུའུ་ཏན་གཞུང་ཕྱོགས་བརྙན་འཕྲིན་ཁང་གིས་བསྒྲགས་པའི་གསར་འགྱུར་ལྟར་ན།  སུའུ་ཏན་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱི་པུའུ་འར་ཧན་གྱིས་རྒྱལ་ཁབ་དམངས་གཙོ་བར་བརྒལ་བྱ་རྒྱུ་ཡིན་པའི་དམ་བཅའ་བཞག

གསར་འགྱུར་ལྟར་ན། པུའུ་འར་ཧན་གྱིས་ཉིན་དེར་སུའུ་ཏན་རྒྱལ་ཁབ་ཀྱི་རྒྱལ་ས་ཁཱ་ཐུའུ་མུའུ་རུ་ཨ་ལ་པོ་མནའ་འབྲེལ་རྒྱལ་ཁབ་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་ཧུའུ་ས་མུའུ·ཀྲ་ཅི་ལ་ཐུགས་འཕྲད་གནང་སྐབས་བཤད་རྒྱུར། སུའུ་ཏན་དྲག་ཆས་དམག་དཔུང་གིས་རྒྱལ་ཁབ་དམངས་གཙོ་བར་བརྒལ་བྱས་ཏེ། དམངས་འདེམས་ཀྱི་སྲིད་གཞུང་འཛུགས་པར་ནུས་པ་གང་ལེགས་འདོན་བཞིན་ཡོད། 

ཀྲ་ཅི་ཡིས་ཐུགས་འཕྲད་གནང་སྐབས། སུའུ་ཏན་གྱི་ཆབ་སྲིད་ཕྱོགས་ཁག་ཚང་མས་གླེང་མོལ་བྱེད་དུས་ཕྱོགས་ཁག་སོ་སོའི་བློ་འདོད་སྐོང་ཅི་ཐུབ་བྱ་རྒྱུ་ནི་ཐབས་ཇུས་གལ་ཆེན་རེད། ཨ་ལ་པོ་མནའ་འབྲེལ་རྒྱལ་ཁབ་ཀྱིས་ནུས་ཤུགས་ཡོད་རྒུས་སུའུ་ཏན་གྱི་བདེ་ལྡན་ཞིང་བཀོད་ཐད་རོགས་སྐྱོར་བྱ་རྒྱུ་ཡིན་ཞེས་བསྟན། 

ཟླ10པའི་ཚེས25ཉིན། སུའུ་ཏན་དམག་ཕྱོགས་ཀྱིས་རྒྱལ་ཁབ་ཛ་དྲག་ཅན་གྱི་གནས་སུ་གྱུར་བས་བདག་དཔང་ཨུ་ཡོན་ལྷན་ཁང་དང་བར་བརྒལ་སྲིད་གཞུང་མེད་པར་བཟོས་པ་ཁྱབ་བསྒྲགས་བྱས།  སུའུ་ཏན་བར་བརྒལ་སྲིད་གཞུང་གི་ཙུང་ལི་གཞུང་སྒྲུབ་ཁང་གིས་ཉིན་དེར་གསལ་བསྒྲགས་སྤེལ་དོན།  ཁཱ་ཐུའུ་མུའུ་ན་ཡོད་པའི་ཙུང་ལི་ཧཱ་མུའུ་ཏུའུ་ཁུ་ཡི་སྡོད་ཤག་ལ་འཇབ་རྒོལ་ཐེབས་ཏེ་བཙན་ཁྲིད་བྱས་ཤིང་། བདེ་འཇགས་དམག་དཔུང་གིས་བདག་དཔང་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་། བར་བརྒལ་སྲིད་གཞུང་གི་པུའུ་ཀྲང་འགའ་འཛིན་བཟུང་བྱས། ཚེས26ཉིན་གྱི་དགོང་མོར། ཧཱ་མུའུ་ཏུའུ་ཁུ་དང་ལྕམ་མོ་གཉིས་ཕྱིར་སྡོད་ཤག་ཏུ་འབྱོར། 

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་ཟླ10པའི་ཚེས28ཉིན་གསལ་བསྒྲགས་སྤེལ་དོན།  སུའུ་ཏན་དམག་ཕྱོགས་ཀྱིས་མྱུར་དུ་འཛིན་བཟུང་བྱས་པའི་ཞི་དོན་དཔོན་པོ་རྣམས་ཕྱིར་བཏང་སྟེ། ཞི་དོན་དཔོན་པོས་མགོ་ཁྲིད་པའི་བར་བརྒལ་སྲིད་གཞུང་སླར་གསོ་བྱེད་དགོས་པར་སྐུལ་མ་བཏང་། པུའུ་འར་ཧན་གྱིས་ཟླ11པའི་ཚེས4ཉིན། དེ་སྔོན་འཛིན་བཟུང་བྱས་པའི་བར་བརྒལ་སྲིད་གཞུང་གི་པུའུ་ཀྲང4ལྷོད་དགྲོལ་གཏོང་དགོས་པའི་བཀའ་རྒྱ་བཏང་བ་རེད།  །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།