ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྲོས་ཁང་གིས་ཉིས་སྟོང་ཉེར་གཉིས་ལོའི་རྒྱལ་ཁབ་ནོར་སྲིད་ཀྱི་སྔོན་རྩིས་འཆར་ཟིན་ལ་ཆོག་མཆན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-11-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་གྲོས་ཁང་གིས་ཚེས་ལྔ་ཉིན་ཉིས་སྟོང་ཉེར་གཉིས་ལོའི་རྒྱལ་ཁབ་ནོར་སྲིད་ཀྱི་སྔོན་རྩིས་འཆར་ཟིན་ལ་ཆོག་མཆན་བཀོད་དེ། རྒྱལ་ཁབ་ཀྱིས་དུས་ཡུན་ཐུང་ངུའི་ནང་ཡང་བསྐྱར་གྲོས་ཁང་གཏོར་ནས་ཡང་བསྐྱར་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་བའི་ཆབ་སྲིད་ཉམས་ཉེན་འབྱུང་བར་སྔོན་འགོག་བྱས། 

ཉིན་དེར་དབྱི་སི་རལ་གྲོས་ཁང་ནས་འདེམ་ཤོག་ང་དགུ་ཡིད་འཐད་བྱུང་བ་དང་འདེམ་ཤོག་ང་དྲུག་གིས་ངོ་རྒོལ་བྱེད་པའི་མཇུག་འབྲས་ཀྱིས་གོང་གི་སྔོན་རྩིས་འཆར་ཟིན་དེར་གྲོས་འཆམ་བྱུང་བ་རེད། དབྱི་སི་རལ་གྱི་ནོར་སྲིད་པུའུ་ཡིས་བསྟན་དོན། སྔོན་རྩིས་འཆར་ཟིན་གྱི་སྤྱིའི་འབོར་གྲངས་ཞེ་ཁི་ཨར་གསར་པའི་སྒོར་མོ་ཁྲག་ཁྲིག་བཞི་དང་ཐེར་ཆེན་ལྔ་ཐེར་འབུམ་གཉིས་དུང་ཕྱུར་ལྔ་ཙམ་ཡིན་པ་རེད། 

དབྱི་སི་རལ་གྱི་ཙུང་ལི་པེ་ནེ་ཐི་ཡིས་དྲ་ཚིགས་བརྒྱུད་དེ་བསྟན་དོན། སྔོན་རྩིས་འཆར་ཟིན་ལ་གྲོས་འཆམ་བྱུང་བ་ལས་དབྱི་སི་རལ་ཡང་བསྐྱར་རྒྱུན་ལྡན་གྱི་ལམ་དུ་ཞུགས་ཐུབ་པ་བྱུང་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།