ཀྲུང་གོ་བོད་ཀྱི་དྲ་བ།

“ཨན-12”རྟགས་ཅན་གྱི་སྐྱེལ་འདྲེན་གནམ་གྲུ་ཞིག་ཨུ་རུ་སུ་དབྱི་འར་ཁུ་ཚི་རུ་ཆག་སྐྱོན་བྱུང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-11-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས3ཉིན། “ཨན-12”རྟགས་ཅན་གྱི་སྐྱེལ་འདྲེན་གནམ་གྲུ་ཞིག་ཨུ་རུ་སུ་དབྱི་འར་ཁུ་ཚི་གནམ་གྲུ་ཐང་དུ་མར་འབབ་སྐབས་ཆག་སྐྱོན་བྱུང་ཏེ་ཉུང་མཐར་ཡང་མི5རྐྱེན་ལམ་དུ་ཤོར། 

ཨུ་རུ་སུའི་སྨྱན་བྱད་དང་ས་གནས་ཀྱི་ཛ་དྲག་གནས་ཚུལ་སྡེ་ཁག་གི་གནས་ཚུལ་ཕྱོགས་བསྡུས་བྱས་པ་ལྟར་ན། མོ་སི་ཁོའི་དུས་ཚོད་ཉིན་དེའི་ཆུ་ཚོད14དང་སྐར་མ45(པེ་ཅིང་གི་ཆུ་ཚོད19དང་སྐར་མ45)སྟེང་།  ཡཱ་ཁུའུ་ཚི་ཁི་ནས་དབྱི་འར་ཁུ་ཚི་ལ་འཕུར་བའི“ཨན-12”རྟགས་ཅན་གྱི་སྐྱེལ་འདྲེན་གནམ་གྲུ་ཞིག་དབྱི་འར་ཁུ་ཚི་གནམ་གྲུ་ཐང་དང་བར་ཐག་སྤྱི་ལེ7ཡོད་པའི་མཚམས་སུ་ལེ་ཏ་ནང་མཐོང་མི་ཐུབ་པར་གྱུར་ཞིང་། དེ་རྗེས་ཆག་སྐྱོན་བྱུང་བ་ར་སྤྲོད་བྱུང་།

ཐཱ་སི་གསར་འགྱུར་ཁང་གིས་བསྒྲགས་པའི་གསར་འགྱུར་ལྟར་ན། ཆག་སྐྱོན་བྱུང་བའི་གནམ་གྲུ་ནང་བསྡོམས་པས་མི7ཡོད་ལ། དེའི་ཁྲོད་ཀྱི་མི5ཡི་བམ་པོ་རྙེད་ཟིན། གནམ་གྲུར་ཆག་སྐྱོན་བྱུང་མ་ཐག་མེ་འབར་ནའང་མིག་སྔར་ཡུལ་དངོས་ཀྱི་རོགས་སྐྱོབ་མི་སྣས་མེ་བསད་ཟིན་པ་རེད།

ཨུ་རུ་སུ་དཀར་པོའི་ཕྱི་འབྲེལ་པུའུ་ཡིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཆག་སྐྱོན་བྱུང་བའི་གནམ་གྲུ་དེ་ཨུ་རུ་སུ་དཀར་པོའི་གུ་ལའོ་ཏི་ནའོ་གནམ་གྲུ་ཀུང་སིའི་ཡིན་ལ། གནམ་གྲུ་ནང་གི་ལས་བྱེད་མི་སྣ་ནི་ཨུ་རུ་སུ་དཀར་བོ་དང་ཨུ་རུ་སུ། ཝུ་ཁུ་ལན་བཅས་ནས་ཡིན་པ་རེད། 

ཨུ་རུ་སུའི་ཛ་དྲག་གནས་ཚུལ་པུའུ་ཡིས་བཤད་རྒྱུར། མིག་སྔར་ཆག་སྐྱོན་བྱུང་བའི་གནམ་གྲུའི་སྒམ་ཆུང་ནག་པོ་རྙེད་ཡོད། ཚོད་རྩིས་ལྟར་ན། ཕལ་ཆེར་གནམ་གཤིས་མི་ལེགས་པ་ལས་ཐེངས་འདིའི་དོན་རྐྱེན་བྱུང་བ་རེད།  །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།