ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱིས་སུའུ་ཏན་དུ་འདུམ་འགྲིག་བྱ་བ་སྤེལ་བཞིན་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-11-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་སུའུ་ཏན་གནད་དོན་གྱི་དམིགས་བསལ་འཐུས་མི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སུའུ་ཏན་བར་བརྒལ་ཕྱོགས་བསྡུས་རོགས་སྐྱོར་ཚོགས་པའི་ཚོགས་གཙོ་ཕའེ་ཨར་ཐི་སི་ཡིས་ཚེས་གཅིག་ཉིན་བཤད་རྒྱུར། སུའུ་ཏན་དམག་ཕྱོགས་ཀྱི་དམག་དོན་ལ་བརྟེན་ནས་སུའུ་ཏན་གྱི་སྲིད་དབང་བླངས་ཏེ་གཟའ་འཁོར་གཅིག་འགོར་བ་དང་། འདུམ་འགྲིག་གི་བྱ་བ་སྣ་ཚོགས་སྤེལ་བཞིན་ཡོད་ཟེར། 

ཕའེ་ཨར་ཐི་སི་ཡིས་ཉིན་དེར་སུའུ་ཏན་གྱི་རྒྱལ་ས་ཁཱ་ཐུའུ་མུའུ་ནས་རྒྱང་བསྟེན་བརྙན་རིས་ཀྱི་ཐབས་ལ་བརྟེན་ནས་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་སྤེལ་བཞིན་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུར་ཞུགས། ཁོས་བསྟན་དོན། དམག་ཕྱོགས་ཀྱིས་སྲིད་དབང་བླངས་རྗེས། སུའུ་ཏན་གྱི་གནས་བབ་གཏན་འཇགས་ཡིན་ཡང་ཛ་དྲག་ཧ་ཅང་ཆེ་བར་མངོན། ཁོ་དང་བར་བརྒལ་སྲིད་གཞུང་གི་ཙུང་ལི་ཧཱ་མུའུ་ཏུའུ་ཁི་ཡིས་ཐེངས་མང་བོར་གྲོས་མོལ་བྱས་པ་དང་། ཧཱ་མུའུ་ཏུའུ་ཁི་མིག་སྔར་རང་གི་སྡོད་གནས་སུ་བཟང་བཙོན་ལ་བཅུག་ཡོད་ཟེར། དེའི་ཞོར་དུ་ཁཱ་ཐུའུ་མུའུ་རུ་གྲོས་མོལ་སྣ་ཚོགས་སྤེལ་བཞིན་ཡོད་ཟེར། 

ཕའེ་ཨར་ཐི་སི་ཡིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མུ་མཐུད་དུ་སུའུ་ཏན་ནས་བར་འདུམ་ནུས་པ་འདོན་སྤེལ་བྱས་ཏེ། གྲོས་མོལ་སྐོར་ཞིག་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད། ང་ཚོས་ཧ་ཅང་རྒྱ་ཆེ་བའི་ཆབ་སྲིད་ཁྱབ་ཁོངས་ཀྱི་སུའུ་ཏན་གྱི་མི་ཚང་མར་འབྲེལ་འདྲིས་བྱེད་བཞིན་ཡོད་ཟེར། དེ་ལས་གཞན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གནད་དོན་དེའི་ཐད་ནས་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་དང་རྒྱལ་སྤྱིའི་ལས་ཁུངས་གཞན་པའི་བར་དུ་མཉམ་ལས་བྱེད་བཞིན་ཡོད་ཟེར། ཁོས་བསྟན་དོན། ཐག་གཅོད་ཇུས་གཞིའི་སྒྲོམ་གཞི་དེ་མ་འོངས་པའི་ཉིན་འགའི་ནང་གཏན་འབེབས་ཐུབ་པའི་རེ་བ་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།