ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ཡེ་མིན་གྱི་ཧུའུ་སེ་དྲག་ཆས་མི་སྣ་བརྒྱ་དང་བཅོ་ལྔ་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-11-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ཡེ་མིན་གྱི་ཧུའུ་སེ་དྲག་ཆས་མི་སྣ་བརྒྱ་དང་བཅོ་ལྔ་བསད། 

ཡེ་མིན་འཕྲིན་གཏོང་ཁང་གིས་ཚེས་གཉིས་ཉིན་བསྒྲགས་པ་ལྟར་ན། སོ་ཏི་ཨ་རབ་གཙོ་བྱས་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་འདས་པའི་དུས་ཚོད་ཉེར་བཞིའི་ནང་ཡེ་མིན་དབུ་ཕྱོགས་ཀྱི་མཱ་ལི་པུའུ་ཞིང་ཆེན་དུ་དམག་དོན་འགུལ་སྐྱོད་སྤེལ་ཏེ། ཉུང་མཐར་ཡང་ཡེ་མིན་གྱི་ཧུའུ་སེ་དྲག་ཆས་མི་སྣ་བརྒྱ་དང་བཅོ་ལྔ་བསད་ཟེར། 

རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་གསལ་སྒྲོག་ཅིག་ལས་བཤད་རྒྱུར། རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་འཐབ་འཛིང་གནམ་གྲུས་འདས་པའི་དུས་ཚོད་ཉེར་བཞིའི་ནང་མཱ་ལི་པུའུ་ཞིང་ཆེན་གྱི་ཧུའུ་སེ་དྲག་ཆས་པའི་དམིགས་འབེན་ལ་བར་སྣང་ནས་འཇབ་རྒོལ་ཐེབས་མང་བྱས་ཏེ། ཉུང་མཐར་ཡང་ཧུའུ་སེ་དྲག་ཆས་མི་སྣ་བརྒྱ་དང་བཅོ་ལྔ་བསད་པ་དང་། དམག་དོན་རླངས་འཁོར་བཅུ་བཞི་གཏོར་བཤིག་བཏང་ཡོད་ཟེར། 

ཟླ་བཅུ་བའི་ཟླ་དཀྱིལ་གྱི་ཚུན་ལ། རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ཕལ་ཆེར་ཉིན་རེ་བཞིན་ཧུའུ་སེ་དྲག་ཆས་མི་སྣ་བཅུ་ཕྲག་ནས་བརྒྱ་ཕྲག་ལྷག་བསད་པར་ཁྱབ་བསྒྲགས་བྱས་ཀྱང་། ཧུའུ་སེ་དྲག་ཆས་པས་ཤི་རྨས་ཐེབས་པའི་གཞི་གྲངས་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།