ཀྲུང་གོ་བོད་ཀྱི་དྲ་བ།

ཀཱ་ནཱ་ནས་རླངས་འཁོར་གཉིས་ཐོ་བརྒྱབ་སྟེ་ཉུང་མཐར་ཡང་མི་བཅུ་དགུ་རྐྱེན་ལམ་དུ་ཤོར་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-11-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀཱ་ནཱའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་གཉིས་ཉིན་བསྟན་དོན། རྒྱལ་ཁབ་དེའི་ཨ་སན་ཏིས་ཞིང་ཆེན་དུ་ཚེས་གཅིག་ཉིན་དངོས་སྐྱེལ་རླངས་འཁོར་ཞིག་དང་སྤྱི་སྤྱོད་རླངས་འཁོར་ཞིག་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་དགུ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་མང་བོར་རྨས་ཕོག་ཡོད་ཟེར། 

ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། ཞིང་ཆེན་དེའི་ལྟེ་གནས་གྲོང་ཁྱེར་ཁུའུ་མཱ་ཞི་གྲོང་ཁྱེར་ཉེ་འདབས་ཀྱི་གཞུང་ལམ་ཞིག་ཏུ། དངོས་སྐྱེལ་རླངས་འཁོར་ཞིག་དང་སྤྱི་སྤྱོད་རླངས་འཁོར་ཞིག་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་། རྨས་མ་དག་ཉེ་འདབས་ཀྱི་སྨན་ཁང་ཞིག་ཏུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་པ་དང་། སྨན་ཁང་གིས་དེའི་རྗེས་སུ་མི་བཅུ་དགུ་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་བྱིས་པ་འགའ་འདུས་ཡོད་ཟེར། 

ཉེན་རྟོག་ཕྱོགས་ཀྱིས་ཤི་རྨས་ཐེབས་པའི་བྱེ་བྲག་གི་མི་གྲངས་གསལ་བོར་བཤད་མེད་པ་དང་། མིག་སྔར་མི་གཅིག་སྨན་ཁང་ས་ཕྱིར་བུད་ཡོད་ལ། རྨས་མ་སྐོར་ཞིག་གི་རྨས་སྐྱོན་ཚབས་ཆེན་རེད། དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།