ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིང་གིས་ཨུ་རུ་སུའི་དམག་དཔུང་ལ་མི་མེད་གནམ་གྲུ2000ཡན་སྒྲིག་སྦྱོར་བྱས་ཡོད་ཅེས་བཤད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-11-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས2ཉིན་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཨུ་རུ་སུའི་ལྷོ་རྒྱུད་ཀྱི་མཚོ་འགྲམ་གྲོང་ཁྱེར་སུའོ་ཆི་རུ་མིག་སྔར་མི་མེད་གནམ་གྲུ2000ལྷག་ཙམ་ཨུ་རུ་སུའི་དམག་དཔུང་ཁྲོད་དམག་སྐུལ་དང་ལེན་བྱེད་ཀྱིན་ཡོད་ཅེས་བཤད།

ཉིན་དེར་ཕུའུ་ཅིང་རྒྱལ་སྲུང་པུའུ་དང་རྒྱལ་སྲུང་བཟོ་ལས་ཕྱོགས་བསྡུས་ཕུང་བོའི་ཁེ་ལས་ཀྱི་ཚོགས་འདུ་ཐེངས་གཉིས་པར་ཞུགས་སྐབས་སུ་བཤད་རྒྱུར། ཉེ་བའི་ལོ་ཤས་རིང་སི་རི་ཡ་སོགས་ས་ཁུལ་གྱི་དྲག་ཆས་གདོང་ཐུག་ཁྲོད་ཀྱི་མི་མེད་གནམ་གྲུའི་བྱེད་ནུས་ཐད་ནས་བཤད་ན་དེ་དག་ལ་ཉེན་ཁ་ཆེན་པོ་ཡོད་པ་གསལ་བཤད་བྱས་ཡོད།  “ང་ཚོས་ཚུར་རྒོལ་དེ་དག་ཇི་ལྟར་བྱས་ནས་སེལ་དགོས་པ་ཤེས་རྟོགས་བྱུང་ཡོད་པ་མ་ཟད། ཕན་ནུས་ཀྱང་ཆེན་པོ་ཐོན་ཡོད”ཅེས་བཤད།

གཞན་ཡང་། ཕུའུ་ཅིང་གིས་མིས་བཟོས་རིག་ནུས་སོགས་སྔོན་ཐོན་ལག་རྩལ་གྲུབ་འབྲས་བཀོལ་སྤྱོད་མགྱོགས་པོ་བྱེད་དགོས་ཞེས་ནན་བཤད་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།