ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་མི་སྣའི་དབུ་ཚོགས་ཐེངས་བཅུ་དྲུག་པ་རོ་མ་རུ་མཇུག་སྒྲིལ་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-11-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10པའི་ཚེས31ཉིན། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་མི་སྣའི་དབུ་ཚོགས་ཐེངས་བཅུ་དྲུག་པ་རོ་མ་རུ་མཇུག་སྒྲིལ། ཚོགས་ཐོག་ཏུ《 རྒྱལ་ཁབ་ཉི་ཤུ་སྡེ་ཚོགས་ཀྱི་མགོ་ཁྲིད་མི་སྣའི་རོ་མ་དབུ་ཚོགས་ཀྱི་བསྒྲགས་གཏམ》གྲོས་མཐུན་བྱུང་ཞིང་། ཟུར་མང་རིང་ལུགས་དང་རྒྱལ་སྤྱིའི་མཉམ་ལས་ཀྱིས་རིམས་ནད་ལ་ཁ་གཏད་གཅོག་པའམ་ལྗང་མདོག་གི་དྲང་བདེན་འཕར་སྣོན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ལ་བྱེད་ནུས་གལ་ཆེན་ཐོན་པ་བསྐྱར་བསྒྲགས་བྱས། 

པར་འདི་ནི་ཟླ10པའི་ཚེས31ཉིན་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞི་རྒྱལ་ཁབ་སྟེ་དབྱི་ཐ་ལའི་ཙུང་ལི་ཏི་ལ་ཅི་ཡིས་ཚོགས་འདུ་མཇུག་སྒྲིལ་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་གསུང་བཤད་གནང་བཞིན་པའི་རྣམ་པ་རེད།

བསྒྲགས་གཏམ་ནང་། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་མི་སྣས་སྔར་ལས་ལྷག་པར་མཉམ་ལས་ལ་ཤུགས་བསྣོན་རྒྱུ་དང་རིམས་ནད་ལ་ཁ་གཏད་གཅོག་རྒྱུ། ལྷག་པར་དུ་ཆེས་ཉམས་ཞན་ཚོགས་སྤྱི་ལ་དོ་ཁུར་བྱ་རྒྱུ་མོས་མཐུན་བྱུང་། མགོ་ཁྲིད་མི་སྣས་སྤྱོད་རུང་བའི་ལག་ཆ་གང་ཡོད་བེད་སྤྱོད་ཡག་པོ་བྱ་རྒྱུ་དང་། རིམས་ནད་ལས་བྱུང་པའི་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་མཐའ་དག་ལ་ཁ་གཏད་གཅོག་ནས་མུ་མཐུད་དུ་དཔལ་འབྱོར་སླར་གསོ་འབྱུང་བར་རྒྱུན་འཁྱོངས་དང་། སྔ་མོ་ནས་རམ་འདེགས་བྱ་སྤྱོད་ལས་ཕྱིར་འབུད་པར་སྔོན་འགོག དངུལ་རྩ་བརྟན་བརླིང་ཡོང་བ་དང་དུས་ཡུན་རིང་བོར་ནོར་སྲིད་རྒྱུན་སྐྱོང་ཐུབ་པར་སྲུང་སྐྱོང་བྱེད་པའི་དུས་མཚུངས་སུ།  ཉེན་ཁ་དང་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་པར་སྔོན་འགོག་དང་། དངོས་ཟོག་འདོན་སྤྲོད་ཀྱི་བརྒྱུད་ལམ་ཆད་པ་སོགས་དཔལ་འབྱོར་ལ་ཤུགས་རྐྱེན་ཐེབས་པའི་འཛམ་གླིང་རང་བཞིན་གྱི་འགྲན་སློང་ལ་དོགས་ཟོན་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས། 

རྒྱལ་ཁབ་ཉི་ཤུའི་མགོ་ཁྲིད་མི་སྣས། འགོག་སྨན་ནི་རིམས་ནད་འགོག་སྲུང་བྱེད་པའི་ལག་ཆ་གལ་ཆེན་ཞིག་ཡིན་ལ། ཡོངས་ཁྱབ་ངང་འགོག་སྨན་རྒྱག་རྒྱུ་ནི་འཛམ་གླིང་ཡོངས་ཀྱི་སྤྱི་བའི་ཐོན་རྫས་ཡིན་པས། འབད་བརྩོན་ལ་ཤུགས་སྣོན་དང་། དུས་ཐོག་དང་འདྲ་མཉམ། བདེ་འཇགས། འགན་བཞེས། སྤུས་ཚད་མཐོ་བ། ཕན་ཡོད་ཀྱི་འགོག་སྨན། སྨན་བཅོས། བརྟག་དཔྱད་ཡོ་ཆས་སོགས་ཐོབ་པར་ཁག་ཐེག་བྱ་དགོས། ལྷག་པར་དུ་ཡོང་སྒོ་དམའ་བའམ་འབྲིང་བའི་རྒྱལ་ཁབ་ཀྱི་དགོས་མཁོ་ལ་དོ་སྣང་བྱེད་དགོས་ཞེས་ནན་གྱིས་གསུང་།

པར་འདི་ནི་ཟླ10བའི་ཚེས31ཉིན་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞི་རྒྱལ་ཁབ་སྟེ་དབྱི་ཐ་ལའི་ཙུང་ལི་ཏི་ལ་ཅི་ཡིས་ཚོགས་འདུ་མཇུག་སྒྲིལ་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་གསུང་བཤད་གནང་བཞིན་པའི་རྣམ་པ་རེད།

འཚོགས་ཡུན་ཉིན་གཉིས་ཡིན་པའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་མི་སྣའི་དབུ་ཚོགས་ཐེངས་བཅུ་དྲུག་པ་དེ་དྲ་སྟེང་དང་ཡུལ་དངོས་ཟུང་འབྲེལ་གྱི་ལམ་ནས་འཚོགས་པ་རེད། ཧིན་རྡུ་ཉི་ཞི་ཡ་རྒྱལ་ཁབ་ཀྱིས་སང་ལོའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞི་རྒྱལ་ཁབ་ཀྱི་འགན་དང་ལེན་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།