ཀྲུང་གོ་བོད་ཀྱི་དྲ་བ།

ཐེ་གོ་རྒྱལ་ཁབ་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་རྒྱབ་ཟིན་པའི་ཡུལ་སྐོར་བ་སྐོར་ཞིག་ཐད་ཀར་དུ་ཐེ་གོ་རུ་ལོག་ཆོག་པར་བཏང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-11-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལོ་གཅིག་དང་ཕྱེད་ཀའི་རྗེས་སུ། ཐེ་གོ་རྒྱལ་ཁབ་ཀྱིས་ཟླ11པའི་ཚེས1ཉིན་ནས་དངོས་སུ་རྒྱལ་ཁབ་དང་ས་ཁུལ63ནས་ཡོང་བའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་རྒྱབ་ཟིན་པའི་ཡུལ་སྐོར་བ་ཐད་ཀར་དུ་ཐེ་གོ་རུ་ལོག་ཆོག་པར་བཏང་། ཐེ་གོ་སྲིད་གཞུང་གིས་སྔོན་དཔག་ལྟར་ན། ཐེངས་འདིའི་བྱ་སྤྱོད་ཀྱིས་དཔལ་འབྱོར་སླར་གསོ་འབྱུང་བར་སྐུལ་འདེད་ཀྱི་ནུས་པ་ཐོན་སྲིད། 

པར་འདི་ནི་ཟླ11པའི་ཚེས1ཉིན་ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཞིག་གིས་ཐེ་གོ་རྒྱལ་ཁབ་ཀྱི་མན་ཀུའུ་སུའུ་བན་ནཱ་ཕུའུ་གནམ་གྲུ་ཐང་དུ་དངོས་ཟོག་ལེན་བཞིན་པའི་རྣམ་པ་རེད།

ཐེ་གོ་རྒྱལ་ཁབ་ཀྱི་རྒྱལ་ས་མན་ཀུའུ་སུའུ་བན་ནཱ་ཕུའུ་གནམ་གྲུ་ཐང་གི་སྤྱི་གཉེར་བ་ཅི་ཐིན་ཧྥུན་གྱིས། ཉིན་དེར་བསྡོམས་པས་རྒྱལ་སྤྱིའི་གནམ་གྲུ61ས་དེ་གར་འབྱོར་ཞིང་། བསྡོམས་པས་ཡུལ་སྐོར་བ3000ལྷག་སྣེ་ལེན་བྱས། དེའི་ཁྲོད་ཀྱི་མི2300ལྷག་ནི་ཕྱི་རྒྱལ་གྱི་ཡུལ་སྐོར་བ་རེད་ཟེར། 

པར་འདི་ནི་ཟླ11པའི་ཚེས1ཉིན་གཙང་སྦྲ་མི་སྣས་ཐེ་གོ་མན་ཀུའུ་སུའུ་བན་ནཱ་ཕུའུ་གནམ་གྲུ་ཐང་དུ་ལས་ཀ་སྒྲུབ་བཞིན་པའི་རྣམ་པ་རེད།

ཐེ་གོ་རྒྱལ་ཁབ་དམངས་སྤྱོད་གནམ་གྲུ་དོ་དམ་ཅུའུ་ཡིས་སྔོན་དཔག་བྱས་པ་ལྟར་ན། ཟླ11པའི་ཚེས1ཉིན་ནས་ཚེས5ཉིན་བར། ཡུལ་སྐོར་བ15230ལྷག་གནམ་གྲུ27བརྒྱུད་ནས་སུའུ་བན་ནཱ་ཕུའུ་གནམ་གྲུ་ཐང་དུ་འབྱོར་རྒྱུ་རེད།

པར་འདི་ནི་ཟླ11པའི་ཚེས1ཉིན་ཡུལ་སྐོར་བ་ཐེ་གོ་མན་ཀུའུ་སུའུ་བན་ནཱ་ཕུའུ་གནམ་གྲུ་ཐང་དུ་སྐྱོད་བཞིན་པའི་རྣམ་པ་རེད།

ཐེ་གོ་ཡུལ་སྐོར་ཅུའུ་ཡིས་སྔོན་དཔག་བྱས་པ་ལྟར་ན། ད་ལོའི་ཟླ11པ་ནས་སང་ལོའི་ཟླ3བའི་བར་ཐེ་གོ་རུ་ཡུལ་སྐོར་བ་ཁྲི100བསུ་རྒྱུ་ཡིན་ལ། དེས་ཐེ་གོ་རྒྱལ་ཁབ་ལ་ཐེ་ཀྲུའུ་དུང་ཕྱུར600ལྷག་གི་ཡུལ་སྐོར་ཡོང་སྒོ་བསྐྲུན་རྒྱུ་རེད།

པར་འདི་ནི་ཟླ11པའི་ཚེས1ཉིན་ཡུལ་སྐོར་བས་ཐེ་གོ་མན་ཀུའུ་སུའུ་བན་ནཱ་ཕུའུ་གནམ་གྲུ་ཐང་དུ་འགྲོ་ལུགས་སྒྲུབ་བཞིན་པའི་རྣམ་པ་རེད།

 2020ལོའི་ཟླ4བ་ནས་བཟུང་། པྲོག་གསར་གློ་ཚད་རིམས་ནད་ལ་སྔོན་འགོག་ཚོད་འཛིན་བྱ་ཆེད། ཐེ་གོ་རྒྱལ་ཁབ་ཀྱིས་ཕྱི་རྒྱལ་གྱི་ཡུལ་སྐོར་བ་རྒྱལ་ནང་དུ་ལོག་མི་ཆོག་པ་ཁྱབ་བསྒྲགས་བྱས། དེས་ཐེ་གོ་རྒྱལ་ཁབ་ཀྱི་ཡུལ་སྐོར་ལས་རིགས་དང་དཔལ་འབྱོར་ལ་ཕོག་ཐུག་ངེས་ཅན་བཟོས་པ་རེད། 

པར་འདི་ནི་ཟླ11པའི་ཚེས1ཉིན་ལས་བྱེད་མི་སྣས་ཐེ་གོ་མན་ཀུའུ་སུའུ་བན་ནཱ་ཕུའུ་གནམ་གྲུ་ཐང་དུ་འགྲུལ་བར་སྒུག་བཞིན་པའི་རྣམ་པ་རེད།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།