ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རྒྱལ་ཁབ་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་དང་བཀོལ་སྤྱོད་འཆར་འགོད་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-10-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རྒྱལ་ཁབ་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་དང་བཀོལ་སྤྱོད་འཆར་འགོད་འགྲེམ་སྤེལ་བྱས།

འཆར་འགོད་ལས་བསྟན་དོན། ཐོག་མར་སྤུས་ཚད་དམ་འཛིན་བྱེད་པ་དང་སྲུང་སྐྱོབ་ལ་ཤུགས་སྣོན་པ། སྒོ་འབྱེད་མཉམ་ལས། ཁོངས་གཏོགས་རོགས་ལས་བཅས་རྒྱུན་འཁྱོངས་བྱས་ཏེ། ཉིས་སྟོང་ཉེར་ལྔ་ལོའི་བར་དུ་ཤེས་བྱའི་ཐོན་དབང་གི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དུས་སྐབས་རང་བཞིན་གྱི་དམིགས་འབེན་དང་ལས་འགན་དུས་ལྟར་ཡོངས་འགྲུབ་བྱེད་པ་དང་། ཤེས་བྱའི་ཐོན་དབང་ཁྱབ་ཁོངས་ཀྱི་བཅོས་སྐྱོང་ནུས་པ་དང་བཅོས་སྐྱོང་ཆུ་ཚད་མངོན་གསལ་སྒོས་མཐོར་འདེགས་སུ་གཏོང་བ། ཤེས་བྱའི་ཐོན་དབང་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་པར་མ་ཟད། གསར་སྐྲུན་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཚད་གཞི་མཐོ་བའི་ཚོང་རའི་མ་ལག་འཛུགས་སྐྲུན་ལ་ནུས་ལྡན་སྒོས་རོགས་འདེགས་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ལྡན་སྒོས་སྐུལ་འདེད་གཏོང་དགོས་ཟེར།

འཆར་འགོད་ལས་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པ་དང་སྤྱི་ཚོགས་ཡོངས་ཀྱི་གསར་སྐྲུན་གསོན་ཤུགས་ཆེ་རུ་གཏོང་བ་སོགས་ལས་འགན་ཆེན་པོ་ལྔ་བཀོད་སྒྲིག་བྱས་པར་མ་ཟད། ཚོང་ལས་གསང་སྲུང་སྲུང་སྐྱོབ་བཟོ་སྐྲུན་སོགས་ཆེད་དོན་བཟོ་སྐྲུན་བཅོ་ལྔ་བཙུགས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།