ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཀྲུང་གོའི་དབུལ་སེལ་གྲུབ་འབྲས་ལ་གཟེངས་བསྟོད་བྱས་པ་དང་རྒྱལ་ཁབ་སོ་སོས་མཐུན་སྒྲིལ་བྱས་ཏེ་འགྲན་རྩོད་མང་པོ་ཐག་གཅོད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-10-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་ཉེར་གསུམ་ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་མཐུན་ལས་གནས་སླར་གསོ་བྱས་ནས་ལོ་ངོ་ལྔ་བཅུ་འགོར་བའི་སྐོར་ནས་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོས་དབུལ་སེལ་སོགས་ཐད་ནས་བླངས་པའི་གྲུབ་འབྲས་ལ་གཟེངས་བསྟོད་ཆེན་མོ་བྱས་པ་དང་། ཞོར་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་བྱས་ཏེ་ཐུན་མོང་གི་མདུན་དུ་ལྷགས་པའི་འགྲན་རྩོད་མང་པོ་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ཀྲུང་གོས་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་འབེན་གཏན་འབེབས་དང་དངོས་འབེབ་བྱེད་པའི་ཐད་ནུས་པ་གལ་ཆེན་བཏོན་པར་བཀའ་དྲིན་ཞུ་དགོས་ཡོད། དེ་ལས་ཀྲུང་གོས་རྣམ་པ་སྣ་ཚོགས་པ་དང་རིམ་པ་མི་འདྲ་བའི་དབུལ་ཕོངས་སེལ་བའི་ཐད་ནས་དམ་བཅའ་བརྟན་པོ་བཞག་སྟེ་གྲུབ་འབྲས་ཀྱང་ཆེན་པོ་བླངས་ཡོད་པ་མཚོན་ཡོད། དབུལ་ཕོངས་ནི་འཛམ་གླིང་གི་མདུན་དུ་ལྷགས་པའི་འགྲན་རྩོད་གལ་ཆེན་ཞིག་རེད་ཟེར། 

ཁོས་བཤད་རྒྱུར། ཀྲུང་གོས་དབུལ་སེལ་ཐད་ནས་འཛམ་གླིང་ཡོངས་ལ་ཉམས་མྱོང་བཟང་པོ་འདོན་སྤྲོད་བྱས་ཡོད་པ་དང་། ཉམས་མྱོང་དེ་དག་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ལ་བརྟེན་ནས་རྒྱལ་ཁབ་གཞན་པར་མཉམ་སྤྱོད་བྱེད་བཞིན་ཡོད་ཟེར། 

ཀུའུ་ཐི་ལོས་སི་ཡིས་བསྟན་དོན། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མདུན་དུ་སྔར་བཞིན་འགྲན་རྩོད་ཆེན་པོ་གནས་ཡོད། ང་ཚོའི་འཛམ་གླིང་དེ་ཉམས་སད་རབ་དང་རིམ་པར་འཕྲད་ཡོད་པ་དང་། དེའི་ནང་ཉིན་རེ་བཞིན་ཇེ་སྡུག་ཏུ་འགྲོ་བའི་འདྲ་མཉམ་མིན་པ་དང་། ནམ་ཟླའི་འགྱུར་ལྡོག། པྲོག་གསར་གློ་ཚད་རིམས་ནད། ས་ཁུལ་གྱི་ཆབ་སྲིད་ཛ་དྲག་གི་རྣམ་པ། འཁྲུག་རྩོད་ཇེ་མང་དུ་འགྲོ་བཞིན་པ། འགྲོ་མིའི་ཐོབ་ཐང་ལ་འཇིགས་ཉེན་ཐེབས་པ་སོགས་འདུས་ཟེར། 

ཀུའུ་ཐི་ལོས་སི་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་བྱས་ཏེ། རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་བསྣན་ནས་འགལ་བ་ཆེན་པོ་དང་མདུན་དུ་ལྷགས་པའི་ཐུན་མོང་གི་འགྲན་རྩོད་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།