ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཀྲུང་གོའི་དབུལ་འཕྲིའི་གྲུབ་འབྲས་ལ་བསྟོད་བསྔགས་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-10-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས23ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་མཐུན་གདན་ཐོབ་སླར་གསོ་བྱུང་ནས་ལོ་འཁོར50ལོན་པའི་སྐོར་ནས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་དབུལ་འཕྲི་སོགས་ཀྱི་ཐད་ཀྲུང་གོའི་གྲུབ་འབྲས་ལ་ཚད་མཐོའི་བསྔགས་བརྗོད་བྱས་པ་དང་ཆབས་ཅིག རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་བྱས་ཏེ། ཐུན་མོང་ཐོག་འཕྲད་པའི་འགྲན་སློང་མང་པོར་ཁ་གཏད་གཅོག་པར་འབོད་སྐུལ་བྱས། 

ཀུའུ་ཐི་ལེ་སི་ཡིས་བཤད་རྒྱུར། "ངས་ཀྲུང་གོས་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་བཟོ་བ་དང་དོན་འཁྱོལ་བྱེད་པའི་ཐད་བཏོན་པའི་ནུས་པར་ཐུགས་རྗེ་ཆེ་ཞུ། དེས་ཀྲུང་གོས་རྣམ་པ་སྣ་ཚོགས་དང་རིམ་པ་སྣ་ཚོགས་ཀྱི་དབུལ་ཕོངས་སེལ་བའི་ཐད་འགྱུར་མེད་ཁས་ལེན་བྱས་པ་དང་། འཕེལ་རྒྱས་ཆེན་པོ་བྱུང་བ་ལས་མཚོན་ཡོད། དབུལ་ཕོངས་ནི་འཛམ་གླིང་ཡོངས་ལ་འཕྲད་པའི་འགྲན་སློང་གཙོ་བོ་ཞིག་རེད།" 

ཁོང་གིས་ཀྲུང་གོས་དབུལ་འཕྲི་ཐད་ནས་འཛམ་གླིང་ལ་ཉམས་མྱོང་རྩ་ཆེན་མཁོ་འདོན་བྱས་ཤིང་། ཉམས་མྱོང་དེ་དག་ལྷོ་ལྷོ་མཉམ་ལས་བརྒྱུད་ནས་རྒྱལ་ཁབ་གཞན་དག་དང་མཉམ་སྤྱོད་བྱེད་བཞིན་ཡོད་ཅེས་བརྗོད།  

ཀུའུ་ཐི་ལེ་སི་ཡིས་བསྟན་དོན། འཛམ་གླིང་གི་རྒྱལ་ཁབ་སོ་སོར་སྔར་བཞིན་འགྲན་སློང་ཆེན་པོ་འཕྲད་ཡོད། "ང་ཚོའི་འཛམ་གླིང་ལ་ཉིན་བཞིན་ཆེ་རུ་འགྲོ་བའི་འདྲ་མཉམ་མིན་པ་དང་གནམ་གཤིས་ཉམས་ཉེན། པྲོག་གསར་རིམས་ནད། ས་འབྲེལ་ཆབ་སྲིད་ཛ་དྲག་ཡིན་པ། གདོང་གཏུག་ལྡབ་འཕར་བྱུང་བ། འགྲོ་བ་མིའི་ཐོབ་ཐང་ལ་འཇིགས་སྐུལ་ཕོག་པ་སོགས་ཚོད་བགམ་རབ་དང་རིམ་པར་འཕྲད་ཡོད།"

ཀུའུ་ཐི་ལེ་སི་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་བྱས་ཏེ། རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་འགལ་ཟླ་ཆེན་པོ་སེལ་བ་དང་། ཐུན་མོང་ལ་འཕྲད་པའི་འགྲན་སློང་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།