ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ཁི་སི་ཐན་ཉེན་རྟོག་ཕྱོགས་ཀྱིས་འཇིགས་སྐུལ་ཉེས་ཅན་དགུ་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན།     སྤེལ་དུས། : 2021-10-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉེར་གསུམ་ཉིན་བསྟན་དོན། ཉེན་རྟོག་ཕྱོགས་ཀྱི་འཇིགས་སྐུལ་ངོ་རྒོལ་སྡེ་ཁག་གིས་ཚེས་ཉེར་གཉིས་ཉིན་གྱི་དགོང་མོར་རྒྱལ་ཁབ་དེའི་ལྷོ་ནུབ་ཕྱོགས་ཀྱི་པུས་ལུའུ་ཀྲི་ཞིང་ཆེན་དུ་འཇིགས་སྐུལ་ངོ་རྒོལ་གྱི་འགུལ་སྐྱོད་ཅིག་སྤེལ་ཏེ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་འབྲེལ་བ་ཡོད་པའི་འཇིགས་སྐུལ་ཉེས་ཅན་དགུ་བསད་ཟེར། 

པུས་ལུའུ་ཀྲི་ཞིང་ཆེན་གྱི་ཉེན་རྟོག་ཕྱོགས་ཀྱི་འཇིགས་སྐུལ་ངོ་རྒོལ་སྡེ་ཁག་གི་དཔོན་པོ་ཨ་ལི་ཡིས་གསར་འགོད་པར་བཤད་རྒྱུར། འཇིགས་སྐུལ་ཉེས་ཅན་གར་ཡོད་ཀྱི་གསང་འཕྲིན་འབྱོར་རྗེས། ཉེན་རྟོག་ཕྱོགས་ཀྱི་འཇིགས་སྐུལ་ངོ་རྒོལ་སྡེ་ཁག་གིས་འཇིགས་སྐུལ་ཉེས་ཅན་གྱི་པུས་ལུའུ་ཀྲི་ཞིང་ཆེན་གྱི་མའོ་སི་ཏུང་ས་ཁུལ་གྱི་སྦས་སྐོང་བྱེད་ས་ཞིག་ལ་གློ་བུར་དུ་འགུལ་སྐྱོད་སྤེལ། འཇིགས་སྐུལ་ཉེས་ཅན་གྱིས་ཉེན་རྟོག་ཕྱོགས་ལ་མེ་མདས་བརྒྱབ་སྟེ་བྲོས་བྱོལ་བྱེད་རྩིས་བྱས་པ་དང་། འཁྲུག་རྩོད་དྲག་པོ་བྱས་པ་ལས་འཇིགས་སྐུལ་ཉེས་ཅན་དགུ་བསད་ཟེར། 

ཨ་ལི་ཡིས་བཤད་རྒྱུར། བསད་པའི་འཇིགས་སྐུལ་ཉེས་ཅན་དེ་དག་ཉེ་སྔོན་པུས་ལུའུ་ཀྲི་ཞིང་ཆེན་ནས་འཇིགས་སྐུལ་རིང་ལུགས་ཀྱི་བྱ་འགུལ་མང་བོར་ཞུགས་མྱོང་ཡོད་ལ། ཉེན་རྟོག་ཕྱོགས་ཀྱིས་འགུལ་སྐྱོད་སྤེལ་སྐབས་ད་རུང་མཚོན་ཆ་མང་བོ་གཞུང་བཞེས་བྱས་ཡོད། དེའི་ནང་འགད་རྫས་དང་ལག་འབོམ། མེ་མདའ་སོགས་འདུས་ཟེར། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།