ཀྲུང་གོ་བོད་ཀྱི་དྲ་བ།

ནེ་ཀྲི་རི་ཡཱའི་བཙོན་ཁང་ཞིག་ལ་འཇབ་རྒོལ་ཐེབས་ཏེ་བཙོན་མ་བརྒྱད་བརྒྱ་ལྷག་བྲོས་བྱོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན།     སྤེལ་དུས། : 2021-10-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནེ་ཀྲི་རི་ཡཱའི་བཙོན་ཁང་སྲིད་དོན་སྡེ་ཁག་གིས་ཚེས་ཉེར་གསུམ་ཉིན་བདེན་དཔང་བྱས་དོན། ནེ་ཀྲི་རི་ཡཱའི་ལྷོ་ནུབ་ཕྱོགས་ཀྱི་ཨོ་ཡའོ་མངའ་སྡེའི་བཙོན་ཁང་ཞིག་ལ་ཚེས་ཉེར་གཉིས་ཉིན་གྱི་དགོང་མོར་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ཏེ། བཙོན་ཁང་དེར་བཀག་འཇུག་བྱས་པའི་བཙོན་མ་བརྒྱད་བརྒྱ་དང་སོ་བདུན་བྲོས་བྱོལ་བྱས་ཟེར། 

ནེ་ཀྲི་རི་ཡཱའི་བཙོན་ཁང་སྲིད་དོན་སྡེ་ཁག་གི་མགྲིན་ཚབ་པ་ཨན་ཆའོ་ལིན་གྱིས་གསལ་སྒྲོག་ཅིག་ལས་བཤད་རྒྱུར། ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་ཉེས་ཅན་སྐོར་ཞིག་གིས་ཚེས་ཉེར་གཉིས་ཉིན་གྱི་དགོང་མོར་ཨོ་ཡའོ་མངའ་སྡེའི་ཨ་པའོ་ལུང་ཀི་ས་ཁུལ་གྱི་བཙོན་ཁང་ཞིག་ལ་འཇབ་རྒོལ་བྱས་ཏེ། བཙོན་སྲུང་བའི་བར་འཁྲུག་རྩོད་བྱུང་། དྲག་ཆས་ཉེས་ཅན་གྱིས་འགད་རྫས་བཀོལ་ནས་རྩིག་པ་གཏོར་རྗེས་བཙོན་ཁང་དུ་ཡོང་ནས། ཁྲིམས་ཁང་གིས་ཁྲིམས་ཐག་བཅད་པའི་བཙོན་མ་བརྒྱད་བརྒྱ་དང་སོ་བདུན་བཙན་གྱིས་ཕྱིར་བཏང་བ་རེད་ཟེར། 

ཨན་ཆའོ་ལིན་གྱིས་བསྟན་དོན། དོན་རྐྱེན་བྱུང་རྗེས་བཙོན་ཁང་སྲིད་དོན་སྡེ་ཁག་གིས་མྱུར་མོར་འཛིན་བཟུང་འགུལ་སྐྱོད་སྤེལ་བ་དང་། མིག་སྔར་བཙོན་མ་ཉིས་བརྒྱ་དང་རེ་གཉིས་འཛིན་བཟུང་བྱས་ཡོད། ཁོས་མང་ཚོགས་དག་གིས་རོགས་འདེགས་བྱེད་པ་དང་། དུས་ལྟར་དུ་བདེ་འཇགས་སྡེ་ཁག་ལ་བྲོས་བྱོལ་བྱེད་པའི་བཙོན་མ་གར་ཡོད་གནས་ཚུལ་སྙན་ཞུ་བྱེད་དགོས་པའི་འབོད་སྐུལ་བཏང་། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།