ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་ཨུ་རུ་སི་ཡིས་ཀྲུང་གོའི་བར་མུ་མཐུད་མཉམ་ལས་བྱས་ཏེ་ཨ་ཧྥུའུ་ཧན་གྱི་གནད་དོན་ཐག་གཅོད་བྱེད་པར་འབད་འབུངས་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན།     སྤེལ་དུས། : 2021-10-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉེར་གཅིག་ཉིན་ཝ་ཨར་ཏའེ་རྒྱལ་སྤྱིའི་དཔྱད་གླེང་སྤྲོ་སྐྱིད་ཁང་གི་ལོ་ཚོགས་ལ་ཞུགས་སྐབས་བསྟན་དོན། ཨུ་རུ་སི་ཡིས་མུ་མཐུད་དུ་ཀྲུང་གོ་དང་མཉམ་དུ་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་སྒྲོམ་གཞིའི་ནང་གྲོས་མོལ་སྤེལ་ཏེ། ཨ་ཧྥུའུ་ཧན་གྱི་གནད་དོན་ཐག་གཅོད་བྱེད་པར་འབད་འབུངས་བྱེད་རྒྱུ་ཡིན་ཟེར། 

ཕུའུ་ཅིན་གྱིས་ཞོར་དུ་ཧྲང་ཧེ་མཉམ་ལས་རྩ་འཛུགས་དང་ཨ་ཧྥུའུ་ཧན་གྱི་འབྲེལ་གཏུག་ཚན་ཆུང་གི་བྱ་བ་སླར་གསོ་བྱས་ནས། ཨ་ཧྥུའུ་ཧན་གྱི་སྲིད་གཞུང་གསར་པས་ཞི་བདེ་དང་བདེ་འཇགས་འཛུགས་པའི་དམ་བཅའ་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་རྒྱུའི་གྲོས་གཞི་བཏོན། ཁོས་བསྟན་དོན། ཨ་ཧྥུའུ་ཧན་གྱི་གནས་བབ་རྒྱུན་ལྡན་ཅན་དུ་གཏོང་ཆེད། ངེས་པར་དུ་ཨ་ཧྥུའུ་ཧན་གྱི་སྲིད་གཞུང་གསར་པས་དཔལ་འབྱོར་སླར་གསོ་བྱེད་པར་རོགས་རམ་བྱེད་དགོས་ཟེར། 

ཕུའུ་ཅིན་གྱིས་ད་རུང་བསྟན་དོན། ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བ་བཟང་པོ་དེ་རྒྱལ་ཁབ་གཞན་པར་དམིགས་པ་མ་ཡིན་པར་གཉིས་ཕན་གཉིས་རྒྱལ་ཡིན་ཟེར། ཁོས་བསྟན་དོན། ཨུ་རུ་སི་དང་ཀྲུང་གོས་དམག་དོན་སྡེ་ཚོགས་འཛུགས་མི་སྲིད་པ་དང་། དོན་དེར་སེམས་ཁུར་བྱེད་པ་སུ་ཡིན་ཡང་གཞི་འཛིན་ས་མེད་ཟེར། 

ཝ་ཨར་ཏའེ་རྒྱལ་སྤྱིའི་དཔྱད་གླེང་སྤྲོ་སྐྱིད་ཁང་གི་ལོ་ཚོགས་སྐབས་བཅོ་བརྒྱད་པ་དེ་ཚེས་བཅོ་བརྒྱད་ཉིན་ནས་ཚེས་ཉེར་གཅིག་ཉིན་བར་ཨུ་རུ་སིའི་ལྷོ་ནུབ་ཕྱོགས་ཀྱི་སོ་ཆི་གྲོང་ཁྱེར་དུ་སྤེལ། སྐབས་འདིའི་ལོ་ཚོགས་ཀྱིས་དུས་རབས་ཉེར་གཅིག་པའི་འཛམ་གླིང་ཡོངས་ཀྱི་ཟང་ཟིང་སྟེ། མིའི་རིགས་དང་རིན་ཐང་ལྟ་བ། རྒྱལ་ཁབ་བཅས་བརྗོད་སྙིང་དུ་བཟུང་ཡོད། རྒྱལ་ཁབ་ཞེ་ལྔའི་འཐུས་མི་གྲོས་ཚོགས་ལ་ཞུགས། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།